e-texts navigator
Collection
Volume
Page
Wylie

277a1 དུ་བཅིང་བ་དང་བརྡེག་པ་ཐམས་ཅད་ལས་ཡོངས་སུ་ཐར་པར་གྱུར་ཅིག། ལུས་ཀྱི་གདུང་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག་ཅེས་བཏབ་བོ།། དེའི་སྨོན་ལམ་ཆེན་པོ
277a2 དྲུག་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་མགོན་མེད་པར་གྱུར་པ་ལུས
277a3 ལ་གདུང་བའི་མེ་འབར་བ་དང་། སེང་གེ་དང་། སྟག་དང་། དོམ་དང་། དྲེད་དང་། སྦྲུལ་གདུག་པའི་ནང་དུ་ཆུད་དོ་སྲོག་ལ་བབ་ཅིང་འཇིགས་སྐྲག་ཅིང་མགོན་མེད་དེ། སྨྲེ་སྔགས
277a4 སྣ་ཚོགས་འདོན་པ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ལན་བདུན་ཡིད་ཀྱིས་བརྗོད་པས། དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལུས་ལ
277a5 གདུང་བའི་མེ་ཐམས་ཅད་ཞི་བར་གྱུར་ཅིག། སེང་གེ་དང་། སྟག་དང་། དོམ་དང་། དྲེང་དང་། སྦྲུལ་གདུག་པ་དེ་དག་བྱམས་པ་ལ་གནས་པར་གྱུར་ཅིག། འཇིགས་པ་མེད་པ་དང་ཞི
277a6 བའི་གནས་ལ་གནས་པར་གྱུར་ཅིག་ཅེས་བཏབ་བོ།། དེའི་སྨོན་ལམ་ཆེན་པོ་བདུན་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར
277a7 སངས་རྒྱས་པ་དེ་ན། སེམས་ཅན་གང་དག་ཕན་ཚུན་འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པར་གྱུར་ཏེ། འཁྲུགས་ཤིང་འཇིགས་སྐྲག་ནས་སྤངས་པ་དེ་དག་བདག་གི




iiif viewer powered by OpenSeadragon

276b - 277b

Texts on this page

Ty065-008 - 'phags pa de bzhin gshegs pa bdun gyi sngon gyi smon lam gyi khyad par rgyas pa zhes bya ba theg pa chen po'i mdo