e-texts navigator
Collection
Volume
Page
Wylie

258a1 6། ནུབས་རྒྱས་ན་། བསྭཱ་ས་པནྡྷ། སྔགས་འདག་སངས་པ་ཙམཆིས་ཁམས་གསུས་དགནས་པ་སམ་ན་ས་དུ
258a2 བརྒྱལ་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་བརྒྱལ་བསེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཨ་བ་ཤགསྤངས་པས་ཐམས་ཅད་ཀྱང་དབུགས་འབྱུང་ཞིང་བཎྜལ་བས
258a3 ནས་འདར་ཞིང་ཐལ་མོ་སྦྱར་ནས་ཆེད་དུ་བརྗོད་པ། སངས་རྒྱས་ཀུན་གྱིས་དབང་བསྐུར་ཞིང་།། གདུག་པ་ཐམས་ཅད་འཇོམས་མཛད་པའི།། སྔགས་དང་ཏིང་འཛིན་ནུས་པ་ཡིས།།
258a4 སངས་རྒྱས་ཀྱིས་ཀྱང་གཞལ་མི་ནུས།། རྡོ་རྗེས་འོག་གི་རྒྱུད་ལས།། ཀླུ་སྒྲུབ་པའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་གཏམ་རྒྱུད་བཤད་པར་བྱ་སྟེ། བཅོམ་ལྡན་འདས
258a5 རྡོ་རྗེ་འཆང་ཆེན་པོས་ལྷ་གནས་རྣམ་པ་བརྒྱད་དུ་རྒྱུད་ཐམས་ཅད་བསྡུས་ནས་རི་རབ་ཀྱི་བྱང་ཕྱོགས་སུ་འཇིག་རྟེན་གསུམ་འདུལ་བའི་རྒྱུད་གསུངས་སོ།། དེ་ནས་ཞལ་གསུམ་པ་ཕྱག་དྲུག་པའི་སྔག
258a6 གསུངས་པས་ལྷ་དང་ལྷ་མ་ཡིན་གྱི་རྣ་བར་སོང་ངོ་།། རིག་སྔགས་འཚང་དེ་རྣམས་ངོ་མཚོར་ནས་བསྟོད་པ་བྱས་སོ།། དེ་ནས་གླིང་གི་སྙིང་པོར་འཁོར་གྱི་སྙིང་པོ་གནོད་སྦྱིན་གྱི་ཆ་འཛིན་པ། བྱང་ཆུབ
258a7 སེམས་དཔའ་ཕྱག་ན་རྡོ་རྗེ་བྱོན་ནས་མར་གྱི་སྙིང་པོ་དང་འདྲ་བ་དམ་པའི་ཆོས་རྒྱུད་ཐམས་ཅད་བསྡུས་སོ།། ཉིད་ཀྱི་ལས་གཉིས་ཀྱི་བདག་ཉིད་ཅན་རྒྱུད་སྟོང་ཕྲག་བརྒྱད་ཅུའང་གསུངས་སོ།།




iiif viewer powered by OpenSeadragon

257b - 258b

Texts on this page

Ty065-004 - 'phags pa lag na rdo rje gos sngon po can rdo rje sa 'og ces bya ba'i rgyud