e-texts navigator
Collection
Volume
Page
Wylie

257b1 འདབ་བརྗོད་དྲི་བྱ་སྟེ།། བདག་ཉིད་ལག་ན་རྡོ་རྡུ་ལ།། ཀླུ་ཆེ་བརྒྱད་ཀྱིས་བསྐོར་བ་ཟོ།། དེ་ལ་སོགས་པ་བཤད་ཟིན་ཏོ།། དཀྱིལ་འཁོར་གྱིན་ནུབ་ཕྱོགས་སུ།། ཀླུ་མི་གཟུགས་གཅིག་ཟླརཿ།
257b2 ལྟེ། རིན་ཆེན་ལྔའམ་གླ་རྩི་འམ།། མཆོད་པའི་རྫས་ནི་འོ་མ་སོགས།། དང་པོ་འདས་པའི་མཆོད་པ་བྱ།། སྤྱན་དྲང་མཆོད་དང་བསྟོད་པ་ནི།། ཆོག་བཞིན་དུ་བྱ་བའོ།། ཀླུལ་སྤོང་བར་ཧཱུ~ཾ་།
257b3 ལ།། འོད་ཟེར་རྣམ་པ་གསུམ་དག་གིས།། ཀླུ་ཆེན་གནས་ནས་དགུག་པར་བྱ།། གཟུགས་བརྙན་དེ་ལ་བསྟིམ་བྱས་ལ།། མཆོད་པ་དག་གིས་མཆོད་པར་བྱ།། གཟུགས་བརྙན་གཡོ་བ་འབྱུང་བར།
257b4 སྡང་བའི་ལུས་ལ་གཞུག་བྱ་སྟེ།། དབང་པོ་བརྒྱད་ནས་གཞུག་བྱ་སྟེ།། བརྒྱད་ཆ་ཐ་མའི་དུས་དག་ཏུ།། འོ་མ་གླ་རྩི་ཁར་ཡིས།། ལམ་ནི་དྲང་པོར་དྲང་བྱས་ལ།། གོང་བུ་དགུག་པའི་སྦྱོར་བ་ཡིས།།
257b5 དེ་ལ་ཀླུ་ཆེན་གཞུག་པར་བྱ།། སྒྲུབ་པ་པོ་ཡིས་གུ་གུལ་སྟེན།། གཟུགས་ལ་ཕུར་བུས་གདབ་པར་བྱ།། དེས་ཀྱང་གྲུབ་པར་མ་གྱུར་ན།། ལྷ་ཡི་རྣམ་པ་ཉིད་དག་ལ།། སྤོགས་པ་དག་གི་ཆོ་ག་བཞིན
257b6 ཏདྱ་ཐཱཾ། ཧཱུཾ་ཕཊ། ནཱ་ག་བི་དཱ་ར་ཎཱ་ཡ་ཧཱུཾ། ནཱ་ག་བི་དཱ་ར་ཎཱ། ཧ་ས་ཧ་ས། དྷ་ར་དྷཱ་ར། མཱ་ར་ཡ་མཱ་ར་ཡ། སརྦ་ཤ་ཏྲཱུཾ་སཾ་གྷཱ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཙཱི་ལཱཾ་བར་དྷ་ར་བཛྲ་པ་ཎི་རཱ་ཛཱ་པ་ཡ་ཥི།
257b7 ཛྷཻཾ་ཙ~ཾ་མཱ་ར་ཡ་ཕཊ། ཨོཾ་ནཱ་ག་གྷ་གྷ། གྷཱ་ཏ་ཡགྷཱ་ཏ་ཡ། སརྦ་དུཥྚ་ན་ཕཊ། ཀཱི་ལཱ་ཡ་ཀཱི་ལ་ཡ། ཧཱུཾ་ཧཱུ~ཾ་ཧཱུཾ་བཛྲ་ཀཱི་ལཱ་ཡ། བཛྲད་ཙཱ་དེ་ཨཱ་དྲཱ་པ་ཡ་ཀཱ་ལ་བཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཕཊ། ནཱ་ག་བི་ང?།




iiif viewer powered by OpenSeadragon

257a - 258a

Texts on this page

Ty065-004 - 'phags pa lag na rdo rje gos sngon po can rdo rje sa 'og ces bya ba'i rgyud