| | e-texts navigator
|
257a1 མ་གྱུར་ན།། གཟུགས་བརྙན་རྡུལ་ལ་སྦྱིན་སྲེག་བྱ།། ལས་སྐྱེས་གཟུགས་བརྙན་གོང་བུར་གཞུག། དེས་ཀྱང་གྲུབ་པར་མགྱུར་ན།། ཨོཾ་ཡཀྵ་མཱ་ར་ལ་མཱ་ར་པ།
257a2 ནཱ་ཤ་ཡ་ནཱ་ཤ་ཡ། ཙིཏྟ་ལ་ཆད་ཟད། ཕྱག་ན་རྡོ་རྗེས་བསྣུན་པར་བྱ།། དེས་ཀྱང་གྲུབ་པར་མ་གྱུར་ན།། ནཱི་ལཾ་བ་ས་ནཱ་ཡ་ཕཊ། སྟོང་པ་ཉིད་དུ་བསྒོམ་པར་བྱ།། དེ་ནས་བྱང་ཆུབ་སེམས་དཔའ་ཕྱུག་ན
257a3 རྡོ་རྗེས་ངོ་མཚར་ནས་ཆེད་དུ་བརྗོད་པ། ཟུང་དུ་འབྲེལ་བར་གནས་གྱུར་པ།། ཡཾ་ལས་རླུང་སྟེ་པཾ་ལས་པད།། འཆི་བ་ཞེས་བྱའི་རྣམ་རྟོག་འདིས།། བདེ་བ་ཅན་དུ་འགྲོ་བར་འགྱུར།། རྡོ་རྗེ་ས་འོག་གི
257a4 རྒྱུད་ལསགནོད་སྦྱིན་སྒྲུབ་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས། རྡོ་རྗེ་འཆང་ལ་གསོལ་བ་བཏབ་པ། སྙིང་ནས་སློབ་དཔོན
257a5 སྨོད་པ་ལ།། ཀླུ་གཞུག་པ་ནི་ཇི་ལྟར་ལགས།། རྡོ་རྗེ་ཅན་གྱིས་བཤད་དུ་གསོལ།། ཀླུའི་ལག་ན་ནད་བཅུ་གཅིག་ཡོད་དེ།། མཛེ་དང་། མཛའ་ཏོ་དང་། ཀ་ཏ་མ་དང་། ཀ་ཤེ་དང་། འབྲས་དང་།
257a6 ཕོལ་དང་། ཤུ་བ་དང་། སྐེམ་པ་དང་། གཡན་པ་དང་། དམུ་ཆུ་དང་། གག་པའོ།། ཀླུའི་གནས་ནི་ས་འོག་གི་རིམ་པ་བདུན་ནོ།། ཀླུ་བྲན་ནི་འཛམ་བུའི་གླིང་ནའང་ཡོད་དོ།། འཁོར་ནི
257a7 རྣམ་པ་བཞི་དག་གིས།། གཙང་མའི་གོས་དག་གྱོན་ནས་ནི།། དཀར་གསུམ་དག་ཀྱང་བཟའ་བར་བྱ།། སྔགས་རྒྱལ་ཉིས་འབུམ་བཟླས་བྱས་ལ།། དཀྱིལ་འཁོར་ཙན་དན་གུར་ཀུམ་བྱུགས།། @
iiif viewer powered by OpenSeadragon
256b - 257b