| | e-texts navigator
|
256b1 དར་སྔོན་དེ་ཡི་ནང་དུ་བཏིང་།། དབུས་སུ་མི་ཡི་ཤ་དང་ཁྲག། དང་པོ་ཁྱི་སྟེ་གཉིས་པ་ཕག། གསུམ་པར་རྣ་ཅན་ཟངས་གཙུག་ཕུད།། ལྔ་པར་སྐད་ཅན་དྲུག་པར་ར།། བདུན་པར་སྐྱེ་གཉིས་བརྒྱད།
256b2 བར་གླང་།། གཡས་ཀྱི་ཕྱོགས་ནས་བསྐོར་བའོ།། མ་ཧེ་ཏ་དང་ལུག་དང་སྤྲེའུ།། གཡོན་གྱི་ཕྱོགས་ནས་བསྐོར་བའོ།། དེ་ནི་དབུལ་བའི་དམཆོག་གོ།། ཟག་དང་དྲུག་དང་སཚོ་ཡིས།
256b3 ནམ་གྱི་ཕྱེད་ཀྱི་དུས་དག་ཏུ།། དུར་ཁྲོད་རས་ལ་འདི་ལྟར་བྲི།། ཞལ་བརྒྱད་ཕྱག་སྟོང་ཡང་ན་བཅུ།། ཞལ་བཞི་དང་པོ་ཞི་བ་སྟེ།། གཉིས་པ་དམར་པོ་ཆུ་སྲིན་ནོ།། གསུམ་ནི་ཁྲོ་དག་ཡིད་དང་ཟོ།།
256b4 བཞི་པ་ཡི་དགས་མགོ་ཡིན་ནོ།། སྐྲ་ནི་གྱེན་བརྫེས་ཞལ་དང་མཚུངས།། སྤྲུལ་པ་བྱ་རྒོད་ཁྲ་དང་སྦྱང་།། དེ་ཡི་མགོ་ཅན་བྲི་བར་བྱ།། དགུག་གཞུག་དབང་ནི་བསྐྲད་པར་བྱའོ།། འདི་ནི
256b5 བསྟེན་པའི་དམ་ཚིག་གོ།། བསྙེན་པའི་དམ་ཚིག་གཉིས་དག་གི། གསུམ་རྒྱལ་དག་ལས་ཤེས་པར་བྱ།། ཨོཾ་ཡཀྵ་ཧ་ས་ཧ་སཽ། ད་ར་ད་ར་ཧཱུཾ། ཁྲ་དང་སྤྱང་ཀི་ཁྱི་ལ་སོགས།། རྨི་ལམ་དུ་འམ
256b6 དངོས་སུ་འབྱུང་།། དེ་ནས་མཆོད་པའི་དམ་རྫས་ཀུན།། བསྒྲུབ་བྱའོ་རྫས་དང་བསྲེས་བྱས་ལ།། གཟུགས་བརྙན་བྱས་ལ་ཐོད་པར་གཞུག། མདོ་ངོ་གནོད་སྦྱིན་གཟུགས་ཀྱིས་མཆོད།།
256b7 ཨོཾ་ཡཀྵ་མཱ་ར་ཡ་མཱ་ར་ཡ། ཨ་པྲ་ཏི་ཧ་བ་ལ་པ་རཱ་ཀྲ་མཱ་ཡ་ཕཊ། སརྦ་ཤ་ཏྲཱུཾ་སཾ་བརྟ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་མཱ་ར་ཡ་ཙིཏྟ་ལ་ཕཊ། དེས་ཀྱང་གྲུབ་པར།
iiif viewer powered by OpenSeadragon
256a - 257a