e-texts navigator
Collection
Volume
Page
Wylie

256a1 ཡེ་ཤེས་བསྐུལ།། ཡེ་ཤེས་ལྗགས་ལས་འོད་བྱུང་ལས།། སྣོད་གྱུར་ལྕེ་ལ་ཐིམ་པར་བསམས།། སྒྲུབ་པའི་རྫས་ཀྱི་བཀྲ་ཤིས་བརྗོད།། རྡོ་རྗེས་འོག་གི་རྒྱུད་ལས།
256a2 དཀྱིལ་འཁོར་གྱི་ལེའུ་སྟེ་བཞི་པའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས། རྡོ་རྗེ་འཛིན་པ་ལ་མཆོད་ཅིང་ཕྱག་འཚལ་ནས་གསོལ་བཏབ་པ།། སྙིང་པོ
256a3 ཀུན་ལ་ཕན་གདགས་དང་། སངས་རྒྱས་བསྟན་ལ་གཞུག་དོན་དུ།། གནོད་སྦྱིན་བསྒྲུབ་པར་བྱ་བ་ནི།། རྡོ་རྗེ་ཆེན་པོས་བཤད་དུ་གསོལ།། དེ་ནས་སྟོན་པ་རྡོ་རྗེ་འཛིན།། སེམས་ཅན་ཀུན་ལ་ཕན
256a4 དོན་དུ།། གནོད་སྦྱིན་བསྒྲུབ་པར་བྱ་བ་ནི།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། རྡོ་རྗེ་སློབ་དཔོན་སྤྱོད་པ་དང་།། ཐེག་པ་ཆེ་ལ་སྨོད་པ་དང་།། དེ་སྒྲུབ་པ་ལ་སྙིང་ནས་བརྙས།། སྒྲུབ་པ་འདྲ
256a5 ནི་བརྩམ་པར་བྱ།། དེ་ལ་རི་རབ་ཀྱི་འོག་ནས་ལས་ཀྱི་གནོད་སྦྱིན་གྱི་ལུས་བླངས་ལ་གདོང་བཞི་ལག་པ་གཞི་ཡོད་པ། གདོང་དང་པོ་བཅོམ་ལྡན་འདས་ཀྱི་སྔགས་ཟློས་པ། གཉིས་པ་རང་གི་སྲོག
256a6 སྙིང་བཟླ་བ་གསུམ་པ་ནི་མ་ལྕེའི་དབུགས་འབྱུང་།། བཞི་པ་ནི་ཤ་དང་ཟག་ཟབ་ཡོད། དེ་སྒྲུབ་པའི་ཐབས་བཤད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག། རྡོ་རྗེ་འཛིན་པའི
256a7 ཏིང་འཛིན་གྱིས།། སྔགས་ཀྱི་རྒྱལ་པོ་འབུམ་བཟླས་ལ།། འབྱུང་བ་བཞི་ཡི་དཀྱིལ་འཁོར་བྲི།། དེ་མི་སྟེང་དུ་ཁྲག་ཆེན་གྱིས།། པདྨའ་དབ་མ་བཅུ་དྲུག་པ།། བཙོན་དོ་ཚུལ་དུ་ཐོ་བར་བྱ།




iiif viewer powered by OpenSeadragon

255b - 256b

Texts on this page

Ty065-004 - 'phags pa lag na rdo rje gos sngon po can rdo rje sa 'og ces bya ba'i rgyud