| | e-texts navigator
|
255b1 ར།། བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་བོ།། དེ་བས་དནི་བཤང་བྱ་བ།། གྲུ་བཞིར་བརྒྱ་ཞིང་སྒོ་བཞིར་བགྱི།། ཐིག་བཞི་དག་དང་ལྡན་གྱུར་པས།། ན་ཆེན་པ་ནི་རུབ་ཏུ་བ་བྱས་ན།
255b2 ཤར་གྱི་མཆེན་དང་པར་དེ།། བཞིར་བགོས་དང་པོ་ལྟེ་བ་དང་།། གཉིས་པ་པདྨ་རལ་གྲི་གཉིས།། གསུམ་པ་སྔམ་སྣམ་བུའོ།། དེ་ནས་ཚེན་ནོར་དགྱེ་བར་བྱ།། ལྟེ་བ་དཀྱིལ་འཁོར་འདོད
255b3 པདྨ་སྔོན་པོ་རལ་གྲི་སྔོར།། ལྷ་སྣམ་གནག་ལ་རྡོ་རྗེའི་སྒོ།། བཞི་ནི་དཀར་པོ་བྲི་བར་བྱ།། སྒོ་ཡི་ཕྱི་རོལ་ཁ་དོག་གནག། མེ་རི་འབར་བ་བྲི་བར་བྱ།། དེ་ལ་རྡོ་རྗེ་འཕྲེང་བས་བསྐོར།། མདའ་དང་དུ
255b4 བུ་བཅུ་དྲུག་ལ།། ཚོན་སྲུད་སྔོན་པོ་བྲི་བར་བྱ།། དབུས་སུ་བཅོམ་ལྡན་འདས་མ་ལ།། ཀླུ་ཆེན་ཕྱེད་གཟུགས་སྦྲུལ་མགོ་ཅན།། རྫོགས་པར་བྱས་ནས་རྣལ་འབྱོར་ནི།། ཆོ་ག་བཞིན་དུ་གཉིས་ཀ་ལ།
255b5 རྒྱུད་ལས་གསུངས་པ་བཞིན་དུ་བསྐྱེད།། དང་པོ་བླ་མའི་སྤྱན་སྔར་ནི།། ཕྱག་འཚལ་ལ་སོགས་བདུན་རྣམ་དག། དེ་ནས་ཡེ་ཤེས་སེམས་དཔའ་ལ།། མེ་ཏོག་གཏོར་ཞིང་བསྟོད་པ་བྱ།། ཕྱག
255b6 འཚལ་བསྐོར་བ་བདུན་རྣམ་དག། བྱས་ནས་ཡེ་ཤེས་དཔའ་བར་བྱ།། གནས་གསུམ་ཡི་གེ་གསུམ་བསམས་ལ།། སྔགས་འདི་ཡང་ནི་བརྗོད་པར་བྱ།། ཨཱ་རེ་ཤ་ཡ་སྟཾ་བྷ་ཡ་རཱ་རཱ་ཙཱ་ལ་ལ
255b7 ཛྭ་ལ་ལ་ཧཱུཾ་ཨ་ཨོཾ་ཛཿ། དེ་ནས་དཀྱིལ་འཁོར་བསྟན་བྱས་ལ།། རིག་པའི་དབང་ནི་ཆོ་ག་བཞིན།། དེ་ནས་སྔགས་ཀྱི་རྗེས་གནང་སྦྱིན།། རྣལ་འབྱོར་སྙིང་པོའི་ས་བོན་ལས།། སྔགས་ཀྱི་འོད་ཀྱིས
iiif viewer powered by OpenSeadragon
255a - 256a