| | e-texts navigator
|
254b1 ཟླ་བ་དམར་འཇབ།། ཁྲུ་དོག་ཁ་ཁྱེར་དེ་འདྲར་ཤེས།། ནི་བ་འོ་མ་ཅན་ཤིང་གི། གཏུམ་པ་འབིགས་པར་བྱེད་དེའོ།། དབང་ཡང་ཞི་བ་དག་དང་མཚུངས།། རྒྱུན་བཞག་མེ་དང་རིགས་པ་བྱ་།
254b2 རི་ལས་ཐབ་དང་མེ་ལྷ་བསྐྱེད།། ནི་རྒྱས་དབང་པ་བདུད་རྩི་ལྔ།། གཏུམ་པ་དམར་དང་ཁྲག་དག་དང་། དྲུག་དང་གུ་གུལ་ནག་པོ་དང་།། གཟུགས་བརྙན་དག་གིས་མཆོད་པར་བྱ།། འཇིགས
254b3 རྟེན་དབང་ཕྱུག་ཚངས་པ་མཆོག་གི་སྲས།། མེ་ལྷའི་རྒྱལ་པོ་ཐིགས་དབང་བསྐུར་ཞིང་།། ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག། འཇིགས་བྱེད་མེ་ལྷ་ཉིད་ལ་ཕྱག་འཚལ་འདུད
254b4 གཟི་བརྗིད་ཆེན་པོ་མེ་ཡི་ལྷ།། འདོད་པ་ཐམས་ཅད་རབ་སྩོལ་ཞིང་།། བདག་གཞན་ཕན་སོགས་ལ་ཞུགས་པ།། ཚངས་སྲས་མཆོག་ལ་ཕྱག་འཚལ་འདུད།། མི་ཡི་ཐུགས་ཀར
254b5 དྲག་པོ་ནི།། ཆོ་ག་བཞིན་དུ་བསྐྱེད་པར་བྱ།། སྦྱིན་སྲེག་དེ་དག་འབྲེལ་བ་ཡིས།། ནོར་རྣམས་ཐམས་ཅད་སྟེར་བར་བྱེད།། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན
254b6 འདས་རྡོ་རྗེ་འཛིན་པ་ལ་ཞུས་པ། དྲག་པོའི་སྔགས་རྣམས་ཇི་ལྟར་ལགས། དེ་ནས་རྡོ་རྗེ་འཛིན་པ་ལྷ་སྲིན་ཐམས་ཅད་འདུལ་བའི་སྔགས་འདི་གསུངས་སོ།། ཏདྱ་ཐཱ། ཧཱུཾ་ཕཊ། ནཱ་ག
254b7 དྷ་ར་ཎཱ་ཡ་ཧཱུཾ་ཕཊ། ནཱ་ག་ཨུཏ་ས་ད་ནཱ་ཡ་ཧཱུཾ་ཕཊ། ནཱི་ལ་བཱ་ས་ནཱ་ཡ་ཧཱུཾ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་པཱ་རཱ་ཀྲ་མཱ་ཡ་ཧཱུཾ་ཕཊ། ཀྲྀ་ཏཱནྡྷ་ཡ་ཧཱུ~ཾ་ཕཊ། ཀྲྀ་ཏཱནྟ་རཱུ་པཱ་ཡ་ཧཱུཾ་ཕཊ། རོ་ཥ་ཎ་ཡ་ཧཱུཾ་ཕཊ
iiif viewer powered by OpenSeadragon
254a - 255a