e-texts navigator
Collection
Volume
Page
Wylie

253a1 པ.ེ་མཚོ་སྟོན་པ་རྡོ་རྗེ་འཛིན།། སེམས་ཅན་རྣམས་ལ་ཕན་དོན་དུ།། ཚར་གཅད་རྗེས་གཟུང་གསུངས་པ་མཚར།། དབུལ་དང་མི་དགས་གནས་ལས
253a2 ཐར།། རྡོ་རྗེས་འོག་གི་རྒྱུད་ལས།། ནོར་སྒྲུབ་པ་དང་གནོད་པ་བཟློག་པ་སྟེ་ལེའུ་གཉིས་པའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས། རྡོ་རྗེ་འཛིན་ལ་མཆོད
253a3 ཅིང་ཕྱག་འཚལ་ནས་གསོལ་བ་བཏང་པ། ཀླུ་དང་གནོད་སྦྱིན་ས་བདག་གི། མཛེ་དང་དབུ་ཆུ་ཇི་ལྟར་བཟློག། དེ་ནས་རྡོ་རྗེ་འཛིན་རྒྱལ་པོས།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། མདོ
253a4 སྡེས་ནི་ལས་ཀྱི་རྣམ་པར་སྨིན་པ་མི་བཟློག་ལ། སྔགས་ཀྱིས་བཟློག་པ་ཁྱད་པར་དུ་འཕགས་སོ།། དེ་ལ་ཀླུ་ཞེས་བྱ་བ་ཉོན་མོངས་པ་གཏི་མུག་ཤས་ཆེ་བས་ཆགས་པ་དང་ཞེ་སྡང་ཡང
253a5 སྟེ། གཏི་མུག་གི་དབང་གིས་གཉིད་ཆེ་བ་དང་། ཞེ་སྡང་གི་དབང་གིས་སྐྱེ་བ་བདུན་དུ་མི་གཏོང་བ་དང་། ཆགས་པའི་དབང་གིས་ཆགས་པ་ལ་གནས་པའི་ལུས་ལ་ཞུགས་ནས་མི་གཏོང་བའོ།། ཀླུ
253a6 གདོལ་པ་ཅན་གྱིསཐོང་བཙམ་གྱིས་ནང་སྐྱེད་དོ།། རིགས་གསུམ་ནི་རིག་པ་ཙམ་གྱིས་ནད་སྐྱེད་དོ།། ཀླུ་བྲན་རྣམས་ནི་སྟེང་སྒོ་གསུམ་ནས་ཞུགས་ནས་ལུས་ཀྱི་བརྒྱད་ཟ་བར་བྱེད་དོ།། བྱང་ཆུབ
253a7 དཔའ་ཕྱག་ན་རྡོ་རྗེས་གསོལ་པ། དེ་རྣམས་ཇི་ལྟར་འདུལ་བར་བགྱི། དེ་ནས་བཅོམ་ལྡན་འདས་ཀླུ་འགུགས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྔགས་འདི་གསུངས་སོ།།




iiif viewer powered by OpenSeadragon

252b - 253b

Texts on this page

Ty065-004 - 'phags pa lag na rdo rje gos sngon po can rdo rje sa 'og ces bya ba'i rgyud