| | e-texts navigator
|
250b1 བདག་པོ་ཅན།། འདབ་མ་བརྒྱད་ལ་ཀླུ་ཆེན་བརྒྱད།། སྦྲུལ་མགོས་བརྒྱད་པ་དགོད་པར་བྱ།། ཁྲུས་དང་གཙང་སྦྲ་དང་ལྡན་པས།། ལས་ཀྱི་ལྷ་ཡི་རྣལ་འབྱོར་གྱིས།། དང་པོ་སྤྱན་དྲངས་རབ་མཆོད་ནས
250b2 བདག་དང་ལྷ་གཉིས་འཕྲོ་འདུར་བཟླས།། ཀླུ་བརྒྱད་ཞི་བར་འགྱུར་སེམས་ཀྱིས།། ཧཱུཾ་དང་ཧཱུཾ་གི་ཟག་པ་ལས།། བསྒྲུབ་བྱ་འོད་ཀྱི་ཕུང་པོར་བྱ།། སྐད་ཅིག་མས་ནི་ཧཱུ~ཾ་དུ་བསླང་།། ཨོཾ་བཛྲ་ཀྲོ་དྷ་ཨ།
250b3 ཧཱི་ཙནྡྲ་ཕཊ། ཁྲི་བཟླས་གདོན་ལས་ངེས་གྲོལ་འགྱུར།། ལག་ན་རྡོ་རྗེ་ཁྱོད་ཀྱིས་ནི།། ཐུགས་ཀྱི་འཕྲོ་འདུགསང་བ་ཡིན།། བསྒྲུབ་བྱའི་ལུས་ནི་མཚོན་གྱིས་དཀྲི།། ཧཱུཾ་ཆེན་འཕྲེང་བའི
250b4 འཕྲོ་འདུས་བཅད།། རྫས་ཆེན་རྣམས་ལ་རབ་བརྟགས་ནས།། ངེས་པར་གདོན་ལས་གྲོལ་བར་འགྱུར།། གལ་ཏེ་དེས་ཀྱང་མ་གྲུབ་ན།། སྔགས་ཀྱི་འཕྲེང་བ་བཟློག་སྟེ་བཟླས།། རྡོ་རྗེ་འཕྲེང་བས་རབ།
250b5 བཅད་ན།། ཐེ་ཙོམ་མེད་པར་འགྲུབ་པར་འགྱུར།། འོག་གི་བགེགས་བཟློག་ཆོ་ག་མཆོག། ཡིད་བཞིན་ནོར་ལྷར་འབྱུང་བ་ཡིན།། ཐེག་པ་གསུམ་ལ་ངེས་རྒྱལ་བའི།། རྒྱུད་ཆེན་གསང་བ་མཐར
250b6 ཐུག་པ།། སྐྱོབ་པ་ཐུགས་ཀྱི་རྣམ་པ་ཡིན།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་མ་ཐག་ཏུ། ལག་ན་རྡོ་རྗེ་ལ་སོགས་པའི་རིགས་ཀྱི་འཁོར་རྣམས་དང་ལྷའི་ཚོགས་ཐམས
250b7 ཅད་ཡི་རངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསུངས་པ་ལ་མངོན་པར་བསྟོད་དོ།། དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས། གསང་བ་གཏན་ལ་དབབ་པའི་ལེའུ་སྟེ་བཅུ་གསུམ་པའོ།།
iiif viewer powered by OpenSeadragon
250a - 251a