e-texts navigator
Collection
Volume
Page
Wylie

26b1 སོ།། པ་དེ་ནས་བཅོམ་ལྡན་འདས་ཆོས་ཐམས་ཅད་སྤྲོས་པ་མེད་པའི་དེ་བཞིན་གཤེགས་པས་ཡང་འཁོར་ལོ་ལྟར་ཡི་གེ་བསྐོར་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ
26b2 ཏུ་བྱིན་པའི་ཚུལ་འདི་བཤད་དེ། ངོ་བོ་ཉིད་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་སྟོང་པའོ།། མཚན་མ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་མཚན་མ་མེ་བྱའོ།། སྨོན་པ་མེད་པའི་ཚུལ
26b3 གྱིས་ཆོས་ཐམས་ཅད་སྨོན་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའོ།། དེ་ནས་བཅོམ་ལྡན་འདས་འཇམ་དཔལ
26b4 གཞོན་ནུར་གྱུར་པ་དོན་འདི་རྒྱ་ཆེར་སྟོན་ཞིང་བཞིན་འཛུམ་བཞིན་དུ་རལ་གྲི་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདབས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མཆོག་འདི
26b5 གསུངས་སོ།། ཨ། དེ་ནས་འདི་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ་མཛད་ནས་དང་པོའི་དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགས་སོ།། དེ་ནས་འཇམ་དཔལ
26b6 གཞོན་ནུར་གྱུར་པ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པས་སྤྲོས་པ་མེད་པའི་རལ་གྲི་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འཁོར་ལོ་ལྟར་ཡི་གེ་བསྐོར་བ་ཞེས་བྱ་བའི་དཀྱིལ
26b7 འཁོར་འདི་གསུངས་སོ།། ཕྱིའི་དཀྱིལ་འཁོར་ཇི་ལྟ་བའི་ནང་དུ་འཁོར་ལོ་བྲིས་ལ། ཨ་ལ་སོགས་པའི་ཡི་གེའི་འབྲེང་བ་གོ་རིམ་བཞིན་དུ་བྲི་བར་བྱའོ།། དེ་ནས་དཀྱིལ་འཁོར་བརྒྱད་པའི་ཚུལ




iiif viewer powered by OpenSeadragon

26a - 27a

Texts on this page

Ty063-001 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po