| | e-texts navigator
|
180b1 ཟབ་པ། ལས་སྣ་ཚོགས་པའི་ཕྱག་རྒྱའི་ཡེ་ཤེས་ཐོབ་པ་ཀླུ་དང་། གསུང་དང་གཟུགས་རྡོ་རྗེ་ནམ་མཁའ་ལྟ་བུ། ཀུནྟེན་མོ་རྡོ་རྗེའི་སྐུ། མཐའ་ལས་འདས་པའི་སྐུ། ཀླུ་རིན་པོ་ཆེ་ཆོས་ཀྱི་སུ
180b2 པའི་སྐུ། རོས་མཉམ་པ་ཉིད་ཀྱི་སྐུ། བྱང་ཆུབ་ཀྱི་སེམས། དོན་ཡོད་པ། ཡོངས་སུ་བསྡུས་པ། དགེ་བ་འཕེལ་བ། རྒྱལ་པོ་ཆེན་པོ། སྣང་བའི་ཏོག་བཞད་པ་པོ། ཆོས་དང་ལྡན་པ། ཤེས་རབ
180b3 འཁོར་ལོ། སྐད་ཐམས་ཅད་པ། སྣ་ཚོགས་པ་ཅན། སྲུང་བ་པོ། གནོད་སྦྱིན་ཅན། མཚམས་སྦྱོར་བ། ཡང་དག་པའི་གཏེར། གཙུག་ཏོར་དུ་གྱུར་པ། མཆོག་ལྡན། རྡོ་རྗེ་ཅན། འཁོར་ལོ
180b4 ཅན། ཡེ་ཤེས་ཅན། ཁྱབ་འཇུག་ཆེན་པོ། སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ཀ་ནམ་མཁའི་དབྱིངས་ཐམས་ཅད་དུ་ལེགས་པར་བཞུགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས
180b5 སུ་འགྲོད་པ། རྡོ་རྗེའི་དབྱིངས་ཐམས་ཅད་ཁོང་དུ་ཆུད་པའི་ཡེ་ཤེས་སེམས་དཔའ་ནམ་མཁའི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་དང་མཉམ་པའི་རྡོ་རྗེའི་བྱིན་རླབས་ཀྱི་ཡེ་ཤེས་སྙིང་པོ།
180b6 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་རྡོ་རྗེ་རིན་པོའི་དབང་བསྐུར་བ་ཆེན་པོའི་དམ་ཚིག་ནམ་མཁའི་ཁམས་ཐམས་ཅད་དུ་སྤྲོས་པས་དེ་བཞིན་གཤེགས་པའི་མངོན་པར་ཤེས་པས
180b7 མངོན་པར་བྱང་ཆུབ་པར་གྱུར་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ངོ་བོ་རྣམ་པར་དག་ལས་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ནམ་མཁའ་ཐམས་ཅད་ལ་ཁྱབ་པའོ།། གཟུགས
iiif viewer powered by OpenSeadragon
180a - 181a