| | e-texts navigator
|
179b1 རྒྱལ་པོར་དབང་བསྐུར་བ་བེམས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམཆོག་གི་ཡེ་ཤེས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་ཆུ་བ་རྙེས་པ
179b2 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་མཉམ་པ་ཉིད་ཐུགས་སུ་རུད་ཅིང་ལས་སྣ་ཚོགས་མཛད་པ། མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་རེབ་ཐམས་ཅད་ཡོད།
179b3 སུ་རྫོགས་པའི་རྡོ་རྗེའི་ལས་མཛད་པ། ཐུགས་རྗེ་ཆེན་པོ་རྣམ་པར་སྣང་མཛད་ཆེན་པོ་རྟག་པ་དུས་གསུམ་དུ་གནས་པའི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས
179b4 པ་ཐམས་ཅད་ཀྱིས་བསྟན་ཅིང་བསྔགས་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་དང་ལྡན་པ། ཁ་དོག་རྣམ་པ་སྣ་ཚོགས་པའི་དྲིལ་བུ་བརྟགས་པ། རླུང་གིས་བསྐྱོད་པའི་དར་གྱི་འཕན་དང་། མེ་ཏོག་གི་ཆུར་པོ་དང་།
179b5 དྲ་བ་དང་དྲ་བ་ཕྱེད་པས་ཀླུབས་ཤིང་ཉེ་བར་མཛེས་པ། ཆོས་ཀྱི་དབྱིངས་ཐམས་ཅད་ལེགས་པར་ཡོངས་སུ་དག་པ། ཆོས་ཀྱི་དབྱིངས་ཀྱི་ཁང་བཟངས་འོད་མཐའ་ཡས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
179b6 པའི་གཙུག་ལག་ཁང་ལ་མེ་ཏོག་གི་འཁྲི་ཤིང་མཆོག་གི་སྙིང་པོའི་རྒྱན་གྱིས་བཀོད་པ། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རྒྱ་མཚོ་རབ་ཏུ་བཀྲམ་པའི་སྤྲིན་ནམ་མཁའི་ཁམས་ཡོངས་སུ་ཁྱབ་པ། དེ་བཞིན
179b7 གཤེགས་པས་བྱིན་གྱིས་བརླབས་པ། མཐའ་ཡས་འདས་པའི་སངས་རྒྱས་འཁྲུངས་པའི་དབུས། རྣམ་པར་སྣང་མཛད་ཀྱི་སྙིང་པོ་འོད་གསལ་བའི་གཞལ་མེད་ཁང་། དེ་བཞིན་གཤེགས་པའི
iiif viewer powered by OpenSeadragon
179a - 180a