| | e-texts navigator
|
177a1 ཡོད་པའི་ཆོས་མཉམ་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་མཆོག་དང་པོ་ཐོག་མ་དང་། ཐ་མ་དང་། དབུས་མེད་པའི་དམ་པ་འདི་གསུངས་སོ།། བྱང་ཆུབ་སེམས་དཔའ།
177a2 ཆེན་པོ་རྣམས་ཀྱིས་འདོད་ཆགས་ཆེན་པོ་དངོས་གྲུབ་དམ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོ་དངོས་གྲུབ་དམ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བདེ་བ
177a3 ཆེན་པོ་དངོས་གྲུབ་དམ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོ་དངོས་གྲུབ་ཆེན་པོ་གྲུབ་པ་དམ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་དེ་བཞིན་གཤེགས་པ་ཐ་མ
177a4 ཅད་ཀྱི་བྱང་ཆུབ་ཆེན་པོ་དངོས་གྲུབ་དམ་པ་ནི་བདུད་ཆེན་པོའི་སྟོབས་ཐམས་ཅད་རབ་ཏུ་འཇོམ་པ་དངོས་གྲུབ་དམ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བདུད་ཆེན་པོའི་སྟོབ
177a5 རབ་ཏུ་འཇོམས་ལ་དངོས་གྲུབ་དམ་པ་ནི། ཁམས་གསུམ་པ་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོ་དངོས་གྲུབ་དམ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཁམས་གསུམ་ཐམས
177a6 ཅད་ཀྱི་དབང་ཕྱུག་ཆེན་པོའི་དངོས་གྲུབ་དམ་པ་ནི། མ་ལུས་པ་ན་སེམས་ཅན་གྱི་ཁམས་ལུས་པ་མེད་པ་ཡོངས་སུ་སྦྱོང་བར་འདོད་པའི་རྒྱུའི་ཕྱིར། འཁོར་བ་ལའང་ཆགས་ཤིང་བརྩོན་འགྲུས་ཆེ
177a7 བའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་མ་ལུས་པ་ན། སེམས་ཅན་གྱི་ཁམས་ལུས་པ་མེད་པ་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་དང་།
iiif viewer powered by OpenSeadragon
176b - 177b