| | e-texts navigator
|
176a1 ཏེ། དེ་ནས་རྡོ་རྗེའི་དབང་ཕྱུག་ཆེན་པོས་རང་གི་དེ་ཁོ་ནའི་སྙིང་པོ་འདི་ཡུལ་ལོ།། ཏཱི་དེ་ནས་མམོ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། མགྲིན་གཅིག་ཏུ་ཐམས།
176a2 ཅད་དགུག་པ་དང་། གཟུད་པ་དང་། གཞིག་པ་དང་། སླུ་བའི་དམ་ཚིག་ཅེས་བྱ་བ་རང་གི་དེ་ཁོ་ནའི་སྙིང་པོ་འདི་ཕུལ་ལོ།། བྷྱོཿདེ་ནས་སྦྲང་རྩིར་བྱེད་ལ་སོགས་པ་མིང་པོ་གསུམ་གྱིས་བཅོམ་ལྡན་འདས
176a3 ལ་ཕྱག་འཚལ་ཏེ། མགྲིན་གཅིག་ཏུ་རང་གི་དེ་ཁོ་ནའི་སྙིང་པོ་འདི་སྨྲས་སོ།། སྭཱ། དེ་ནས་སྲིང་མོ་བཞིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། རང་གི་དེ་ཁོ་ནའི་སྙིང་པོ་འདི་ཕུལ་ལོ།། ཧཱུཾ། དེ་ནས
176a4 བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐའ་ཡས་ལ་མཐར་ཐུག་ཅིང་མུ་མེད་པའི་ཆོས་དང་ལྡན་པས་ཡང་ཆོ་ག་འདི་མཐར་ཐུག་པར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར།། ཆོས་ཐམས་ཅད་ཀྱི
176a5 མཉམ་པ་ཉིད་ཀྱི་མཐར་ཐུག་པས་བྱིན་གྱིས་བརླབས་པ་རྡོ་རྗེ་ཞེས་བྱ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཉིད་པས། དེ་བཞིན་གཤེག་པ
176a6 ཐམས་ཅད་མཐའ་ཡས་པ་ཉིད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་པས། རྡོ་རྗེ་ཐམས་ཅད་མུ་མེད་པ་ཉིད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུ་མ་ཉིད་པས། ཆོས་ཐམས་ཅད་དུ་མཉིད།
176a7 དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཐུག་པ་མེད་པ་ཉིད་པས། ཆོས་ཐམས་ཅད་མཐར་ཐུག་པ་མེདཔ་ཉིད་ཡིན་ནོ།། ཡུལ་ལ་ཤེས་རབ་ཀྱི་ལ་རོལ་ཏུ་ཕྱིན་པའི་ཚུལ་འདི་ལྡན་པ་དང་། འཛིན་པང་།
iiif viewer powered by OpenSeadragon
175b - 176b