e-texts navigator
Collection
Volume
Page
Wylie

175b1 ཕྱིན་པའི་ཚུལ་འདི་བཤད་དོ།། ཐམས་ཅད་མཉམ་པ་ཉིད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ།། ཐམས་ཅད་དོན་ཉིད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་ཉིད་དོ།། ཐམས
175b2 ཅད་ཆོས་ཉིད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཉིད་དོ།། ཐམས་ཅད་ལས་ཉིད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉིད་དུ་རིག་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་དེ་བཞིན
175b3 གཤེགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དོན་ཡོད་པའི་དམ་ཚིག་གི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དོན་ཡོད་པ་ཐམས་ཅད་ཀྱི་དམ་ཚིག
175b4 ཅེས་བྱ་བའི་སྙིང་འདི་སྨྲས་སོ།། ཧཱུཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་པ་རྣམ་པར་སྣང་མཛད་ཀྱིས་ཡང་སེམས་ཅན་བྱིན་གྱིས་རློབ་པ་ཞེས་བྱ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི
175b5 ཚུལ་འདི་བཤད་དོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཐམས་ཅད་ཀྱི་རང་བཞིན་ཡིན་པས། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ།། ཐམས།
175b6 ཅད་སྙིང་རྗེའི་སྙིང་པོས་དབང་བསྐུར་བ་ཉིད་པས། སེམས་ཅན་ཐམས་ཅད་ནི་རྡོ་རྗེའི་སྙིང་པོ་ཅན་ནོ།། ངག་ཐམས་ཅད་རབ་ཏུ་བྱུང་བས། སེམས་ཅན་ཐམས་ཅད་ནི་ཆོས་ཀྱི་སྙིང་པོ་ཅན་ནོ།། སེམས་ཅན
175b7 ཐམས་ཅད་ཀྱི་བྱ་བ་བྱེད་པ་ལ་སྦྱོར་བས། སེམས་ཅན་ཐམས་ཅད་ནི་ལས་ཀྱི་སྙིང་པོ་ཅན་ནོ།། དེ་ནས་ཕ་རོལ་གྱི་རྡོ་རྗེ་རིགས་རྣམས་ཀྱིས་ཅ་ཅོའི་སྒྲ་བྱུང་ནས་ཆོས་ཉིད་ཀྱི་དོན་རྒྱ་ཆེར་སྟོན་ཅིང་སྲིང་ལོདུལ




iiif viewer powered by OpenSeadragon

175a - 176a

Texts on this page

Ty063-003 - 'phags pa shes rab kyi pha rol tu phyin pa'i tshul brgya lnga bcu pa