e-texts navigator
Collection
Volume
Page
Wylie

174b1 གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ལ་འཇུག་པར་འགྱུར་རོ།། དོན་གྱི་མཉམ་པ་ཉིད་ལ་འཇུག་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་ལོ་ལ་འཇུག་པར་འགྱུར་རོ།།
174b2 ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པ་ནི་དམ་པའི་ཆོས་ཀྱི་འཁོར་ལོ་ལ་འཇུག་པར་འགྱུར་རོ།། ཆོས་ཐམས་ཅད་མཉམ་པ་ཉིད་ལ་འཇུག་པ་ནི། འཁོར་ལོ་ཐམས་ཅད་ལ་འཇུག
174b3 པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ། ཆོས་མཉམ་པ་ཉིད་ཀྱི་དོན་རྒྱ་ཆེར་སྟོན་ཅིང་བཞིན་འཛུམ་ནས།
174b4 རྗེ་འཁོར་ལོ་བསྐོར་ཞིང་རྡོ་རྗེ་འཁོར་ལོ་ཐམས་ཅད་ལ་འཇུག་པ་ཞེས་བྱ་བའི་སྙིང་པོ་འདི་སྨྲས་སོ།། ཧཱུཾ་། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱས
174b5 པའི་སྣོད་ཀྱིས་མཆོད་པ་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ།། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི།། དེ་བཞིན་གཤེགས་པ་ཐམས་ཅད་ལ་མ
174b6 པའི་ཆོ་ག་རྒྱ་ཆེ་བའོ།། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྐྱོབ་པ་ནི་ག་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ།། དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་དེ
174b7 བཞིན་གཤེགས་པ་ཐམ་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེར་འདྲི་བ་འམ། ཡི་གེར་འདྲིར་འཇུག་པ་དང་། འཛིན་པ་དང་། ཀློག་པ་དང་། བརྗོད་པ་དང་།




iiif viewer powered by OpenSeadragon

174a - 175a

Texts on this page

Ty063-003 - 'phags pa shes rab kyi pha rol tu phyin pa'i tshul brgya lnga bcu pa