e-texts navigator
Collection
Volume
Page
Wylie

174a1 འཚང་རྒྱ་བར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁུ་ཚུར་དམ་ཚིག་ཆེན་པོའི་རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་འཛིན་པས་དོན་གྱི་གནས།
174a2 འདི་རྒྱ་ཆེར་སྟོན་ཏེ། དེ་བཞིན་རབ་ཏུ་འཛུམ་ཞིང་རྡོ་རྗེ་སྲ་བའི་དངོས་གྲུབ་ཐམས་ཅད་ཀྱི་མཆོག་ཅེས་བྱ་བའི་སྙིང་པོ་འདི་སྨྲས་སོ།། ཨཱ། དེ་ནས་བཅོམ་ལྡན་འདས་ཆོས་ཐམས་ཅད་སྤྲོས་པ་མེད་པའི་དེ
174a3 བཞིན་གཤེགས་པས་ཡང་འཁོར་ལོ་ལྟར་ཡི་གེ་བསྐོར་བ་ཞེས་བྱ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དེ། ངོ་བོ་ཉིད་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་སྟོང་པའོ།།
174a4 མཚན་མ་མེད་པའི་ཕྱིར། ཆོས་ཐམས་ཅད་མཚན་མ་མེད་པའོ།། སྨོན་པ་མེད་པའི་ཚུལ་གྱིས། ཆོས་ཐམས་ཅད་སྨོན་པ་མེད་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས། ཆོས
174a5 ཐམས་ཅད་རང་བཞིན་གྱིས་འོད་གསལ་བའོ།། དེ་ནས་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་དོན་འདི་ཉིད་རྒྱ་ཆེར་སྟོན་ཏེ། བཞིན་རབ་ཏུ་འཛུམ་བཞིན་དུ། བདག་གི་རལ་གྲིངས
174a6 དེ་བཞིན་གཤེགས་པ་ཐམས་ཅད་ལ་འདེབས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མཆོག་འདི་སྨྲས་སོ།། ཨཱ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར།
174a7 དེར་འདུས་པ། དེ་བཞིན་གཤེགས་པའི་འཁོར་ལོ་ཆེན་པོ་ལ་འཇུག་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ།། རྡོ་རྗེ་མཉམ་པ་ཉིད་ལ་འཇུག་པ་ནི། དེ་བཞིན




iiif viewer powered by OpenSeadragon

173b - 174b

Texts on this page

Ty063-003 - 'phags pa shes rab kyi pha rol tu phyin pa'i tshul brgya lnga bcu pa