| | e-texts navigator
|
173b1 པོ་ཆེ་ཞེས་བྱ་བའི་སྙིང་པོ་འདི་སྨྲས་སོ།། ཏྲཱཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ཐོབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་འཛིན།
173b2 པ་དེ་བཞིན་གཤེགས་པ་རྟག་པས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་གནས་རྡོ་རྗེ་ཞེས་བྱ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དེ། དེ་བཞིན་གཤེས
173b3 པ་ཐམས་ཅད་ཀྱི་སྐུའི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི། དེ་བཞིན་གཤེགས་པ་ཉིད་དུ་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི་ཆོས་ཐམས
173b4 ཅད་ཐོབ་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི། ཏིང་ངེ་འཛིན་ཐམས་ཅད་ཐོབ་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད
173b5 ཀྱི་རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི། ལུས་དང་། ངག་དང་། སེམས་ཐམས་ཅད་རྡོ་རྗེར་རྡོ་རྗེའི་དངོས་གྲུབ་དམ་པ་ཐོབ་པར་འགྱུར་རོ།། སུ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ
173b6 འདི་ཉན་པ་དང་། འཛིན་པ་དང་། ཀློག་པ་དང་། ལུང་འབོགས་པ་དང་། སྐོམ་པ་དེས་དངོས་གྲུབ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་། ཤེས་པ་ཐམས་ཅད་དང་།
173b7 དགོས་པ་ཐམས་ཅད་དང་། ལུས་དང་། ངག་དང་། སེམས་ཐམས་ཅད་རྡོ་རྗེར་རྡོ་རྗེའི་དངོས་གྲུབ་དམ་པ་ཐོབ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར
iiif viewer powered by OpenSeadragon
173a - 174a