| | e-texts navigator
|
173a1 པ་རྣམས་དང་། དྲི་མ་རྣམས་དང་། གློ་བུར་གྱི་ཉོན་མོངས་པ་རྣམས་ཀྱིས་གོས་པར་མི་འགྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས
173a2 པར་འཚང་རྒྱ་བར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དོན་གྱི་གནས་འདི་ཉིད་རྒྱ་ཆེར་སྟོན་ཅིང་། བཞིན་རབ་ཏུ་འཛུམ་དམྱལ་ཏེ་པདྨའི་འདག
173a3 མཁའབྱེད་པས། འདོད་ཆགས་ལ་སོགས་པ་དྲི་མས་མི་གོས་པ་ལ་ལྟ་ཞིང་། པདྨ་གཟུགས་སྣ་ཚོགས་ཞེས་བྱ་བའི་སྙིང་པོ་འདི་སྨྲས་སོ།། ཧྲཱིཿ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ
173a4 ཁམས་གསུམ་ཐམས་ཅད་ཀྱི་དབང་པོས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་ལས་བྱུང་བའི་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད
173a5 དེ། དབང་བསྐུར་བ་སྦྱིན་པ་ནི་ཁམས་གསུམ་ཐམས་ཅད་ཀྱི་རྒྱལ་སྲིད་ཐོབ་པར་འགྱུར་རོ།། ནོར་སྦྱིན་པ་ནི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ།། ཆོས་སྦྱིན་པ་ནི་ཆོས་ཐམས་ཅད
173a6 མཉམ་པ་ཉིད་ཐོབ་པར་འགྱུར་རོ།། ཟང་ཟིང་གི་སྦྱིན་པ་ནི་ལུས་དང་། ངག་དང་། སེམས་ཀྱི་བདེ་བ་ཐམས་ཅད་ཐོབ་པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
173a7 ནམ་མཁའི་སྙིང་པོ་བཞིན་རབ་ཏུ་འཛུམ་སྟེ། རང་གི་མགོ་ལ་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བའི་འགྲེང་བ་འཆིང་ཞིང་དོན་འདི་ཉིད་རྒྱ་ཆེར་སྟོན་ཏེ། དབང་བསྐུར་བ་ཐམས་ཅད་ཀྱི་དམ་ཚིག་རིན
iiif viewer powered by OpenSeadragon
172b - 173b