| | e-texts navigator
|
202b1 ནས་དེ་བཞིན་དུ་ཟླ་བ་གཅིག་གི་མཚན་ཐལ་བྱུང་དུ་ཐོས་ཤིག། དེ་ནས་ནང་པར་ཀུན་ལྷགས་ཏེ། དེ་བཞིན་དུ་གང་དག་གིས་གྲུབ་པ་པོ་ལ་མཆོད་དོ།། འདི་ནི་རྟོག་པ་འདིར་བྲིས་པ་བཞིན་ནོ་སྙམ་དུ་བསམས་ནས་དེས་མི
202b2 འཇིགས་པར་བྱའོ།། དེ་ནས་དབང་དུ་འབྱུང་སྟེ། རྟག་ཏུ་ལས་ཐམས་ཅད་བྱེད་པའི་གཡོག་མོར་འགྱུར་རོ།། དེ་ནས་ཆོ་ག་གཞན་ཏེ། རས་ལ་བཅོམ་ལྡན་འདས་དེ་བཞིན་དུ་བྲིས་ལ། དེ་ནས་དེ་བཞིན་དུ་བརྒྱང་སྟོང
202b3 དུ་བ་བྲས་ན་ནུབ་ཐ་མ་ལ་རྡོ་རྗེ་འཛིན་པ་ཐོབ་སྟེ། ཅི་འདོད་པ་གྲུབ་པའི་མཆོག་ཀྱང་ཐོབ་བོ།། གཞན་ཡང་སྒྲུབ་པ་ཕྱག་ན་རྡོ་རྗེའི་སྤྱན་སྔར་འབུམ་ཟློས་ཤིག། དེ་ནས་དགོས་པ་ཀུན་བཅོམ་ལྡན་འདས་ཀྱིས་མཛད་།
202b4 ཕྱག་ན་རྡོ་རྗེའི་སྤྱན་སྔར་ཅི་འདོད་པར་ཡམ་ཤིང་ཐམས་ཅད་ཀྱི་སྦྱིན་སྲེག་གིས་ལོ་གཅིག་གི་བར་དུ་བསྲེགས་ན་ཐམས་ཅད་འགྲུབ་པར་འགྱུར་རོ།། དེ་ནས་རྡོ་རྗེ་ཧཱུཾ་ཞེས་པ་བྲིས་པ་དེའི་སྤྱན་སྔར་ལོ་གཅིག་གི་བར་དུ་གྲངས
202b5 མེད་པར་ཟློས་ཤིག། དེ་ནས་ཐ་མར་བཅོམ་ལྡན་འདས་རང་གིས་ཅི་འདོད་པའི་མཆོག་སྩོལ་བར་འགྱུར་རོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྱན་སྔར་རྡོ་རྗེ་ཧཱུཾ་ཞེས་པའི་ཕྱག་རྒྱ་བཅིངས་ལ་དེ་བཞིན་གཤེགས
202b6 པ་འགུལ་གྱི་བར་དུ་ཟློས་ཤིག། དེ་ནས་ཕྱག་རྒྱ་འགྲུབ་པར་འགྱུར་རོ།། གྲུབ་པ་དེས་ན་དགུག་པ་དང་། དབང་དུ་བྱ་བ་དང་། གཞུག་པ་དང་། དྲང་བ་དང་། ལྟུང་བ་དང་། དབབ་པ་དང་། སྟན་འཕོ་བ་ལ་སོགས
202b7 བ་ལས་བྲན་ཚོགས་ཀྱི་བཅིངས་པས་རྫུ་ནས་པ་མའངངོ་།། དེ་ནས་ཆོ་ག་གཞན་ཏེ། རིག་པས་དབང་བསྐུར་བར་བྱ་བར་འདོད་ན་དྲིའམ། འཇི་བ་ལས་ཕྱག་ན་ཇེ་རྗེའི་ཆ་ལུགས་བྱས་ལ་ཕྱག་གཉིས་བརྐྱང་སྟེ་ངོ
iiif viewer powered by OpenSeadragon
202a - 203a