e-texts navigator
Collection
Volume
Page
Wylie

202a1 དབང་དུ་བྱར་ནུས་སོ།། ཟླ་བ་ལྔས་ནི་ཡིད་བཞིན་དུ་སྣང་བ་དང་མི་སྣང་བར་འགྱུར་རོ།། ཟླ་བ་དྲུག་གིས་ནི་ཅི་འདོད་པ་ཐམས་ཅད་ཀྱི་གཟུགས་སུ་འགྱུར་རོ།། ཟླ་བ་བདུན་གྱིས་ནི་བདག།
202a2 གི་ལུས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཕྱག་ན་རྡོ་རྗེ་སྟོན་ཅིང་ཆོ་འཕྲུལ་ཐམས་ཅད་ཀྱང་སྟོན་ཏོ།། ཟླ་བ་བརྒྱད་ཀྱིས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་ལ་སོགས་པ་དགུག
202a3 པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱེད་ཅིང་ལས་སུ་བསྒོའོ།། ཟླ་བ་དགུས་ནི་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱེད་དོ།།
202a4 བ་བཅུས་ནི་ས་བཅུ་ཐོབ་པར་འགྱུར་རོ།། ཟླ་བ་བཅུ་གཅིག་གིས་ནི་བཅུ་གཅིག་པ་སངས་རྒྱས་ཀྱི་ས་ཐོབ་བོ།། ཟླ་བ་བཅུ་གཉིས་པས་ནི་རྡོ་རྗེ་འཛིན་པར་འགྱུར་རོ།། དེ་ནས་སྒྲུབ་པ་བསྟན་ཏེ། ར་ས་ལ་རྡོ་རྗེ་ཧཱུཾ
202a5 ཞེས་པ་དེ་བཞིན་དུ་བྲིས་ལ། དེའི་ཐད་འཁོར་ཐམས་ཅད་དུ་མཐུ་ཆེན་པོ་ལ་སོགས་པ་ནས། ཀྲུ་བ་རུ་ཎའི་མཐའི་བར་དུ་བཅོམ་ལྡན་འདས་ལ་སྒོང་ནིང་པུས་མོ་གཙུགས་པ་བྲིས་ལ། དེ་ནས་དེ་བཞིན་དུ་བཟླས་པ་ནི།
202a6 རྡོ་རྗེ་ཧཱུཾ་ཞེས་པ་ནི་ཕྱག་རྒྱ་གྲངས་མེད་པར་བཟླས་ཏེ། ཟླ་བའི་མཐའི་བར་དུ་ཚེས་ཉི་ཤུ་དགུའི་མཚན་ཐལ་བྱུང་བཟླས་ན་ནང་པར་ཐམས་ཅད་འོང་ངོ་།། འོངས་ནས་ཀྱང་དབང་དུ་འགྱུར་ཏེ་ཐམས་ཅད་བསྒོ་བ་བཞིན་དུ་བྱེད་དོ།།
202a7 དེ་ནས་སྒྲུབ་པ་གཞན་འབྱུང་སྟེ། བཅོམ་ལྡན་འདས་དེ་བཞིན་དུ་བྲིས་ནས་གསེར་གྱི་མདངས་ཀྱི་ལྷ་མོ་ལ་སོགས་པ་ཐམས་ཅད་རང་རང་གི་ཕྱག་རྒྱ་སྒྲེང་ནས་གར་བྱེད་ཅིའི་མི་སྡུག་པ་འཇིགས་པའི་གཟུགས་སུ་བྲིའོ།། དེ།




iiif viewer powered by OpenSeadragon

201b - 202b

Texts on this page

Ty062-003 - 'jig rten gsum las rnam par rgyal ba rtog pa'i rgyal po chen po