| | e-texts navigator
|
201b1 མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ།། གཡོན་ཕྱོགས་སུ་ནི་རྡོ་རྗེ་ཁུ་ཚུར་དང་། བྱམས་པ་དང་། ནམ་མཁའི་མཛོད་ངོ་།། སྟེང་དུ་ན་མ་མཁའི་སྙིང་པོའོ།། བཅོམ་ལྡན་འདས་ཀྱི་འོག་ཏུ་ནི་ཕྱག་ན་རྡོ་རྗེ་སྟེ
201b2 རྡོ་རྗེ་ཧཱུཾ་ཞེས་བྱ་བའི་ཕྱག་ན་རྡོ་རྗེ་དང་བཅས་པ་ལག་པ་གཉིས་ཀྱིས་བཅིང་ངོ་།། ལག་པ་གཉིས་པོ་གཞན་ལ། གཡས་པ་ནི་རྡོ་རྗེ་གསོར། གཡོན་པས་ནི་མེ་ཏོག་གི་གཞུ་དང་མངའ་ལྔ་བསྣམས་པ། སྐུ་མངས
201b3 ནི་ཨུཏྤལ་སྔོན་པོ་ལྟ་བུ། ཡིད་ཙམ་འཛུམ་ལ་མཆེ་བ་ཆུང་ཟད་གཙིགས་པ། ཁྲོ་བ་དང་བཅས་པས་བཞད་པའི་ཞལ། ཕྱིར་བརྐྱང་བསྐུམ་དུ་གནས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་གཡོན
201b4 བས་ལྷ་ཆེན་པོའི་འགྲམ་པ་གཡོན་པར་མནན། ཞབས་གཡས་པ་བསྐུམས་པས་ཨུ་མའི་ནུ་མར་བཙིར་ཏེ། སྟོད་གཡོགས་ཁྲ་བོས་ཡན་ལག་གཡོགས་པ་ཀོ་རློན་གྱི་སྨད་གཡོགས་ཅན་ཀདེ་བཞིན
201b5 གཤེགས་པ་ཐམས་ཅད་དབུ་རྒྱན་དུ་ཐོགས་པའོ།། དེ་ནས་ཚེས་ཞག་གཅིག་ནས་མགོ་བརྩམས་ཏེ་ཚེས་བཅོ་ལྔར་རམ། ཟླ་བར་རམ། ལེའི་བར་དུ་ཉིན་རེ་བཞིན་བརྒྱ་སྟོང་བཟླས་ཏེ། གོས་དཀར་པོ་གཙང
201b6 མ་བགོ་ས་ལ། བདག་གི་ཁྱིམ་དུ་གནས་ཤིང་ཟས་གཙང་མ་ཡིད་བཞིན་དུ་ཟོས་ཏེ་བཟླས་ན། དེ་ནས་ཟླ་བ་གཅིག་ལོན་པ་དང་། ཟླ་བ་དང་པོས་ནི་ཧཱུཾ་ཞེས་བྱ་བས་ཕྱི་རོལ་གྱི་ལས་རྣམས་འགྲུབ་པར་འགྱུར་རོ།།
201b7 གཉིས་ཀྱིས་ནི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། གསུམ་གྱིས་ནི་བཅོམ་ལྡན་འདས་རྨི་ལམ་དུ་སྟོན་ཅིང་འདས་པ་དང་མ་འོངས་པ་ཐམས་ཅད་སྟོན་ཏོ།། བཞིས་ནི་སེམས་ཅན་ཐམས་ཅད་དགུག་པ་དང
iiif viewer powered by OpenSeadragon
201a - 202a