e-texts navigator
Collection
Volume
Page
Wylie

199b1 སློབ་མ་གོས་གཙང་མ་བསྐོན་ཏེ། གསུམ་ལ་སྐྱབས་སུ་བཏང་བ་དང་། བསླབ་པའི་སྡོམ་པ་ལ་སོ་སོར་གནས་པར་བྱས་ནས། དེ་ནས་བྱང་ཆུབ་ཀྱི་སེམས་སྦེད་ཅིག། དེ་ནས་གདོང་རས་ཀྱིས་གཡོགས་ནས
199b2 མགོ་གཙུག་ཏོར་དུ་བྱས་ཏེ། རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ལ་ཆུག་ཅིག། བཅུག་ནས་མེ་ཏོག་གཏོར་ཏེ། དེ་ནས་གང་ལ་བབས་པ་དེ་ནི་དེའི་ལྷའོ།། དེ་ནས་གདོང་བཅིངས་པ་བཀྲོལ་ནས་རང་གི་རིག་པའི
199b3 ལྷ་སྟོན་ལ། དེ་ལ་མཆོད་ཅིང་སློབ་དཔོན་ལའང་ཅི་འདོད་པའི་ཡོན་ཕུལ་ནས།། དེ་རང་གི་རིག་པ་འམ་སྔགས་བཟླས་ཏེ་ཕྱག་རྒྱའང་བཅིང་ངོ་།། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཆེན་པོའི་རྒྱལ་པོ་ལས
199b4 འཇིག་རྟེན་གསུམ་གྱི་འཁོར་ལོ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོའོ།། དེ་ནས་རྡོ་རྗེའི་དཀྱིལ་འཁོར་འབྱུང་སྟེ། རྡོ་རྗེ་འཕྲེང་བ་མཉམ་ལྡན་པས།། རྡོ་རྗེའི་དཀྱིལ་འཁོར་བརྟག་པར་བྱ།
199b5 འཇུག་པར་བྱ་བ་དེ་བཞིན་ཏེ།། ལས་ཀྱང་དེ་དང་འདྲ་བར་བྱའོ།། དཀྱིལ་འཁོར་དེ་རུ་ཞུགས་ནས་ནི།། དེ་བཞིན་རྡོ་རྗེ་གསོར་བར་བྱ།། འཇིག་རྟེན་གསུམ་རྒྱལ་རབ་བསླབས་ནས།། རྡོ་རྗེ་མཆོག་ནི་བསྒྲུབ
199b6 བར་བྱ།། དེ་ལ་རྡོ་རྗེ་སྒྲུབ་པའི་ཆོ་ག་ནི་ལག་པ་གཉིས་རྡོ་རྗེའི་ཕྱག་རྒྱ་འཛིན་པས་རྡོ་རྗེ་བཟུང་ནས་ཇི་སྲིད་དུ་འགུལ་བ་དེ་སྲིད་བཟླས་སོ།། དེ་ཕྱིན་ཆད་རྡོ་རྗེ་ངེས་ལ་ཐམས་ཅད་བྱེད་དོ།། རྡོ་རྗེའི་དཀྱིལ་འཁོར།།
199b7 དེ་ནས་དམ་ཚིག་གི་དཀྱིལ་འཁོར་འབྱུང་སྟེ། དཀྱིལ་འཁོར་ཆེན་པོ་ཀུན་བྲིས་ནས།། མཚན་མ་ཐམས་ཅད་བསྟན་པར་བྱ།། འཇུག་པ་རྡོ་རྗེ་དྲིལ་བུ་དང་།། རྡོ་རྗེ་འཛིན་མཆོག་ཕྱག་རྒྱས་སོ།། དེ་ལ་རྡོ་རྗེ་དྲིལ་བུའི




iiif viewer powered by OpenSeadragon

199a - 200a

Texts on this page

Ty062-003 - 'jig rten gsum las rnam par rgyal ba rtog pa'i rgyal po chen po