| | e-texts navigator
|
198b1 རབ་ཅན་གྱིས་སྲང་ཟེ་བ།། འཇིག་རྟེན་གསུམ་རྒྱལ་དྲན་ཞིང་ངོ་།། དེ་ཡི་དབུས་སུག་དབ་པ་ནི།། སེང་ལྡེང་ངུར་བ་བརྟན་པར་རོ།། དེ་ལས་སྲང་བུ་ཟེ་གསུངས་པ།། སྲདང་བུ་ཉིས་བསབ་ཀྱིས་བྱ་སྟེ། བཅུ་དྲུག
198b2 ཆ་རུ་བགོ་བར་བྱ།། ཐམས་ཅད་དུ་ནི་རིམ་གསུམ་མཆོག། ཁོ་ར་ཁོར་ཡུག་རིགས་དག་ཀྱང་།། ཕུར་བུ་ཡིས་ནི་དེ་བཞིན་ནོ།། དེ་ཡི་ནང་དུ་བྱ་བ་ནི།། སྲད་བུ་རིམ་བདུན་ལྡན་པར་ཏེ།། ཚོན་སེར་བྲི་ཞིམ་ལྡན་པ
198b3 ཡིས།། ཐིག་རྣམས་ཀྱང་ནི་གདག་པར་བྱ།། དེ་ཡི་དབུས་སུ་གཞག་པ་ནི།། ཤིན་ཏུ་བཀྲབས་པའི་ནས་ཕུལ་བཞིའོ།། དེ་ཡི་སྟེང་དུ་མགོན་པོ་སྟེ། སངས་རྒྱས་གཟུགས་བརྙན་གཞག་པར་བྱ།། སངས
198b4 རྒྱས་ཐང་འཁོར་ཐམས་ཅད་དུ།། བྱང་ཆུབ་བརྒྱད་ནི་རིམ་བཞིན་པར།། བྲི་འམ་ཡང་དག་གཞག་པར་བྱ།། ཚོན་སྣ་ལྔ་མཆོག་རྣམས་ཀྱིས་སོ།། སངས་རྒྱས་སྤྱན་སྔ་དེ་རུ་ནི།། ཕྱག་ན་རྡོ་རྗེ་དེ་བཞིན་ནོ།།
198b5 བྲིའམ་གཞག་པར་བྱ་བ་ནི།། རྡོ་རྗེ་ཧཱུཾ་ཞེས་པར་འདུལ་བའོ།། དེ་ཡིན་པས་ནི་གཡོན་པ་ཡིས།། དབང་ཕྱུག་ཆེན་པོ་མནན་པར་བྱའོ།། གཡས་པའི་རླབས་ཀྱིས་བཙིར་བ་ནི།། ཉོན་མོངས་མ་ཡིན་ལྷ་མོའོ།།
198b6 འདོད་དྲུག་སྤྱོད་པའི་ལྷ་རྣམས་ཀྱང་།། སྲད་བུ་རིམ་བདུན་པར་དག་ཏུ།། བྲིའམ་ཡང་ན་གཞག་པར་བྱ།། རྡོ་རྗེ་ཤུགས་ཀྱིས་འགོངས་ནས་སུ།། ཕྱི་རོལ་བྱུང་ནས་དེ་དུ་ཡང་།། གླིང་རྣམས་བཞི་ཡང་བྲི་བ.རམ།
198b7 དབྱིབས་དང་ཆོ་ག་ཇི་བཞིན་དུ།། གྲཝ་ཡི་རི་མོ་ལེགས་པར་དགོད།། གླིང་རྣམས་ཀྱི་དབུས་ཐམས་ཅད་དུ།། འཇིག་རྟེན་ཇི་བཞིན་སོགས་པར་བྱ།། ཚངས་པ་ལ་སོགས་དེ་བཞིན་རྣམས།། དེ་རུ་འཇིག་རྟེན་དབང
iiif viewer powered by OpenSeadragon
198a - 199a