| | e-texts navigator
|
197b1 ངག་ལ་སོགས་པ་ནི་རྡོ་རྗེ་ཚོགས་མ་མོང་དབང་བསྐུར་རོ།། དེ་ནས་ས་ལ་རྒྱུ་བའི་མ་རྣམས་དབང་བསྐུར་བ་བྱིན་པ་ནི། འདི་ལྟ་སྟེ། ཞིམ་ནི་རྡོ་རྗེ་པོ་ཉ་མོའོ།། རླུང་མ་ནི་རྡོ་རྗེ་བགྱོགས་མའོ།། མེ་ནི་རྡོ་རྗེ་འབར་མོའོ།།
197b2 གུ་བེ་ར་ནི་རྡོ་རྗེ་ཐག་གུམ་སྟེ། དེ་དག་ལ་སོགས་པ་ནི་རྡོ་རྗེ་པོཉ་མོར་དབང་བསྐུར་རོ།། དེ་ནས་ས་འོག་ན་གནས་པའི་མ་རྣམས་དབང་བསྐུར་བ་བྱིན་པ་ནི། འདི་ལྟ་སྟེ། ཕག་མོན་རྡོ་རྗེ་གདོང་ངོ་།། མགོ་ལྤགས་མན
197b3 རྡོ་ཆེ་ནག་མོའོ།། སྣ་ཆང་མ་ནི་རྡོ་རྗེ་མྱགས་མའོ།། ཀླུ་མོ་ནི་ངོ་རྗེ་ཆུ་སྲིན་མ་སྟེ། དེ་དག་ལ་སོགས་པ་ནི་བྲན་མོར་དབང་བསྐུར་རོ།། དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོས་བཙུད་པ་དེ་དག་ཐམས
197b4 ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་བསྐྱེད་ནས་རྡོ་རྗེའི་དམ་ཚིག་བྱིན་པའོ།། ཨོཾ་བ་ལི་ཏོང་བ་ལི་ཏོང་བཛྲ་ཨཱ་ཀཪྵ་ཡ་ཧཱུཾ་ཛ། ལྷ་རྣམས་དགུག་པའོ།། ཨོཾ་བཛྲ་ཨ་གྲི་པི་ཊཱ་ཡ་ས་མ་ཡ་ཧཱུཾ་། བར་སྣང་ལ་རྒྱུ་བ་རྣམས་ཀྱིའོ།།
197b5 ཨོཾ་བཛྲ་མཱ་ལཱ་གྲལ། འཕྲེང་བ་འཆང་བ་རྣམས་ཀྱིའོ།། ཨོཾ་བཛྲ་བན་དྷ་ཧཾ། ས་ལ་རྒྱུ་བ་རྣམས་ཀྱིའོ།། ཨོཾ་བཛྲ་པཱ་ཏཱ་ལ་བྷཱཉྫ་བྷཉྫ་ཧཱུཾ་ཕཊ། ས་འོག་ན་གནས་པ་རྣམས་ཀྱིའོ།། ཨོཾ་ཧེ་རུ་ཀ་བཛྲ་ས་མ་ཡ་སརྦ
197b6 དུཥྚཾ་ས་མ་ཡ་མུ་པྲ་བྷཉྫ་ཙཀྲ་ཧཱུ~ཾ་ཕཊ། མ་རྣམས་ཐམས་ཅད་ཀྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་ན་རྡོ་རྗེས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ནི་སེམས
197b7 ཅན་ཐམས་ཅད་འདུལ་བ་ལགས་ན། བཅོམ་ལྡན་འདས་མ་རུངས་པའི་སེམས་ཅན་གྱི་དཀྱིལ་འཁོར་དེ་དག་ལ་ཇི་ལྟར་བགྱི་བ་བཀའ་སྩལ་ཅིག། བཅོམ་ལྡན་འདས་ཀྱིས་གསུངས་པ། གང་གིས་སེམས་ཅན་དེ
iiif viewer powered by OpenSeadragon
197a - 198a