| | e-texts navigator
|
196b1 སྡུག་བསྔལ་འདོད་ཆགས་པ་ཇི་ལྟ་བུས་འཇིག་རྟེན་འདུལ་བར་འགྱུར་བའི་ཆོས་སངས་རྒྱས་བཅོམ་ལྡན་འདས་རྣམས་འཆང་བར་མཛད་དེ། དེ་དག་སྦྱང་བའི་ཕྱིར་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀུན་ཏུ་བཟང་པོ
196b2 བྱང་ཆུབ་སེམས་དཔས་ཅི་ནས་ཀྱང་འདོད་ཆགས་དང་བྲལ་བར་མ་བྱེད་ཅིག་ཅེས་བཀའ་སྩལ་ཏོ།། དེ་ནས་ཕྱག་ན་རྡོ་རྗེས་ཡང་གསུངས་པ། ཨོཾ་བཛྲ་ས་མ་ཡ་ཨ་བྷི་ཥིཉྩཱ་མ་བཱི་རཱ་ག་ཡ་སརྦྦ་ཀཱ་མཱཾ་ཧཱུཾ་ཕཊ། དེ་ནས་དེ
196b3 ངག་གིས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་ནོ་ཞེས་གསོལ་ཏོ།། དེ་ནས་ཡང་ཕྱག་ན་རྡོ་རྗེས་ལག་ཏུ་རྡོ་རྗེ་བྱིན་ཏེ།། རྡོ་རྗེ་དབང་བསྐུར་བ་འདི་བྱིན་ནོ།། ཨོཾ་བཛྲ་ཨ་བྷི་ཥིཉྩ་སརྦྦ་ཏ་ཐཱ་ག་ཏ་བཛྲ་དྷ་བཿ།
196b4 དྷ་རོད་ཏེ་བཛྲ་པཱ་ཎི་ཧྲཱིཿཧ་ཧ་ཧ་ཧ། དེ་ནས་རྡོ་རྗེ་མིང་གིས་དབང་བསྐུར་བ་བྱིན་པ་ནི། འདི་ལྟ་སྟེ། དབང་ཕྱུག་ཆེན་པོ་ནི་རྡོ་རྗེ་རིག་སྔགས་མཆོག་གོ།། མཐུ་བོ་ཆེ་ནི་རྡོ་རྗེ་སྒྱུ་མའོ།། ཚངས་པ་ནི་རྡོ་རྗེ་མི་སྨྲ་བའོ།། སྒྲ
196b5 གཞོན་ནུ་ནི་རྡོ་རྗེ་དྲིལ་བུའོ།། དབང་པོ་ནི་རྡོ་རྗེ་འཐབ་ཆ་སྟེ། དེ་དག་ལ་སོགས་པ་འཇིག་རྟེན་གསུམ་གྱི་དབང་པོ་ཐམས་ཅད་རིག་པའི་བློན་པོ་ཆེན་པོར་དབང་བསྐུར་རོ།། དེ་ནས་བར་སྣང་ལ་རྒྱུ་བ་རྣམས་རྡོ་རྗེ་མིང་གིས་དབང
196b6 བསྐུར་བ་བྱིན་པ་ནི། འདི་ལྟ་སྟེ། བདུད་རྩི་འཁྱིལ་བ་ནི་རྡོ་རྗེ་འཁྱིལ་བའོ།། ཟླ་བ་ནི་རྡོ་རྗེ་འོང་ངོ་།། བེ་ཙོན་རྩེ་མོ་ནི་རྡོ་རྗེ་བེ་ཅོན་ནོ།། སྐྱ་སྤང་ནི་རྡོ་རྗེ་སྐྱ་སློང་སྟེ། དེ་རྣམས་ནི་རྡོ་རྗེ་ཁྲོ་བོར་དབང་བསྐུར་རོ།། དེ་ནས་ནམ
196b7 མཁའ་ལ་རྒྱུ་བའི་ལྷ་རྣམས་རྡོ་རྗེ་མིང་གིས་དབང་བསྐུར་བ་བྱིན་པ་ནི། འདི་ལྟ་སྟེ། ཆང་གིས་མྱོས་པ་ནི་རྡོ་རྗེ་སྲིན་པོའོ།། ཆང་བྱེད་ནི་རྡོ་རྗེ་འཕྲེང་བའོ།། རྒྱལ་བ་ནི་རྡོ་རྗེ་དབང་ངོ་།། རྒྱལ་བ་སྐྱེད་པ་ནི་རྡོ་རྗེ་རྣམ་པར་རྒྱལ
iiif viewer powered by OpenSeadragon
196a - 197a