e-texts navigator
Collection
Volume
Page
Wylie

196a1 ལ་སྒྲུབ་ཏུ་གསོལ།། དབདག་ཅག་ཁྱོད་ཀྱི་བཀའ་ཉན་ནཇི་ལྟར་བགྱི་བསྔལ་དུ་གསོལ་ཞེས་སོ།། དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་རྣམས་ལ
196a2 གསུངས་པ། གྲོགས་པོ་དག་བྱང་ཆུབ་ཀྱི་སེམས་དང་། སྡོམ་པ་གཟུང་བར་ཁས་ལོང་ཞིག། དེ་དག་གིས་གསོལ་བ། བཅོམ་ལྡན་འདས་བདག་ཅག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན
196a3 བཀུར་བགྱིད་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་པར་འཚལ་ལོ།། དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡང་དེ་རྣམས་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་དུ་བཙུད་ནས་སྡོམ་པ་གཟུང་དུ་བཅུག།
196a4 སྟེ་བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་པ། སེམས་ཅན་ཐམས་ཅད་བདེ་བ་སྩོལ།། ཕྱན་རྡོ་རྗེ་བདག་ཆེ་དང་།། འདོད་པ་སྨད་པར་མི་བྱའོ།། འདི་ནི་གསང་བ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་སྡོམ
196a5 པ་འཛིན་དུ་བཅུག་ནས་དམ་ཚིག་སྦྱིན་པ་ནི། ཨོཾ་བཛྲ་ས་མ་ཡ་ཨ་བྷི་ཥིཉྩཱ་བི་རཱ་ག་ཡ་སརྦྦ་ཀཱ་མ་ན་ཧཱུཾ་ཕཊ། དེ་ནས་དེ་དག་གིས་སྨྲས་པ། འདི་ནི་བདུད་ཀྱིས་སྨྲས་པ་ས་ན་བདག་ཅག་མི་ཉན་ཏོ།། དེ་ནས་བཅོམ་ལྡན་འདས
196a6 དེ་བཞིན་གཤེགས་པས་དེ་དག་ལ་ཁྱོད་ཅག་གིས་འདི་ལ་མ་བརྙས་ཤིག་ཅེས་གསུངས་པ་དང་། དེ་དག་གིས་གསོལ་པ། ཇི་ལྟར་འདོད་ཆགས་དང་བྲལ་བ་ནི་སངས་རྒྱས་ཀྱི་བྱང་ཆུབ་བོ་ཞེས་བཅོམ་ལྡན་འདས་ཀྱིས
196a7 བཀའ་སྩལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་གྲོགས་པོ་དག་པ་ནི་ཇི་ལྟར་འདུལ་བཞིན་བྱེད་པ་སྟེ། དེ་ཉིད་ཀྱིས་འཇིག་རྟེན་གྱི་ཁམས་འདི་སུན་འབྱིན་ཏེ། ཇི་ལྟར་བདེ་བ་ལ་མི་ཆགས་པ་དང་།




iiif viewer powered by OpenSeadragon

195b - 196b

Texts on this page

Ty062-003 - 'jig rten gsum las rnam par rgyal ba rtog pa'i rgyal po chen po