e-texts navigator
Collection
Volume
Page
Wylie

193b1 བཀའ་ཡང་རྗེས་སུ་མྱོངས་ཤིག། དེ་ནས་བཅོམ་ལྡན་འདས་ཀྱི་ནབས་གཉིས་ལ་ཕྱག་ན་དོ་རྗེས་ཕྱག་འཚལ་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་མིང་པོ་འདི་གསུངམ་སོ།། མོས་སྟནི་སུམྦྷ་ཛཱ་བྲི་བྷག།
193b2 ཧཱུཾ། གྲཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་དྷུ་ཕཊ། དེ་ནས་འདི་གསུངས་པ་ཙམ་གྱིས་འཇིག་རྟེན་གསུམ་ཐམས་ཅད་གཡོས།། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་སོ།། འགུལ། རབ་ཏུ་འགུལ།
193b3 ཀུན་ཏུ་རབ་ཏུ་འགུལ་ལོ།། འཕར། རབ་ཏུ་འཕར། ཀུན་ཏུ་རབ་ཏུ་འཕར་རོ།། དེ་ནས་ལྷ་ཐམས་ཅད་ལ་སོགས་པ་སེམས་ཅན་ཐམས་ཅད་འདར་ཡིཡད་ཡོད་ནས་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ཏེ། ཁོར་ཁོར
193b4 ཡུག་དང་ཁོ་ར་ཁོར་ཡུག་ཆེན་པོའི་རི་ལ་སོགས་པ་ཚུན་ཆད་ཀྱི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱིས་གང་ངོ་།། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གླིང་བཞི་པའི་འཇིག་རྟེན
193b5 གྱི་ཁམས་སུ་ཚོགས་པའི་དཀྱིལ་འཁོར་ཆེན་པོ་ལ་གཟིགས་ནས་འདི་སྐད་གསུངས་སོ།། གྲོགས་པོ་རྣམས་སངས་རྒྱས་ལ་སོགས་པ་ལ་སྐྱབས་སུ་འགྲོ་བར་ཁས་ལོང་ཞིག། ངའི་བཀའ་ཡང་རྗེས་སུ་སྐྱོངས་ཤིག
193b6 དེ་ནས་འདུས་པའི་འཁོར་ཆེན་པོ་ཐམས་ཅད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སྐྲག་སྟེ་འདར་ཡང་ཡོད་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་སྐྱབས་སུ་དོང་ངོ་།། དེ་ནས་བཅོམ་ལྡན་འདས་ལ།། ལྷ་ཆེན
193b7 པོའི་ལྷ་དང་།། མཐུ་བོ་ཆེ་དང་། ཚངས་པ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟ་བུའི་སེམས་ཅན་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་བྱིན་ཆེ་ཞིང་བདག་ཅག་འཆོས་པ་འདི་སུ་ལགས




iiif viewer powered by OpenSeadragon

193a - 194a

Texts on this page

Ty062-003 - 'jig rten gsum las rnam par rgyal ba rtog pa'i rgyal po chen po