| | e-texts navigator
|
191b1 བཤད། སངས་རྒྱས་ཡེ་ཤེས་བླ་མེད་ཡིན།། གཞན་དག་དོན་ཀུན་ཡང་དག་ལྡན།། ཏིང་འཛིན་ཡེ་ཤེས་དམ་པ་ཡིན།། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།། ཕྲ་བའི་དཀྱིལ་འཁོར་དམ་པ།།
191b2 བསམ།། སངས་རྒྱས་སྐུ་ནི་རྣམ་བསྒོམས་ལ།། སྤྱན་ནི་དབུས་སུ་བསམ་པར་བྱ།། བཞིན་བཟང་སྤྱན་ནི་ཡངས་པ་དང་།། ནོར་བུ་ཆུ་ཤེལ་མདོག་འདྲ་ལ།། མཚན་རྣམས་ཐམས་ཅད་ཡོངས་སུ་རྫོགས།།
191b3 བུད་མེད་སྒྱུ་མའི་མཆོག་འཛིན་པ།། ཕྱག་ཏུ་འཁོར་ལོ་བསྒོམ་བྱ་སྟེ།། ཁམས་གསུམ་པ་ནི་དབང་བྱེད་པ།། དངོས་ཀུན་གྲུབ་བྱེད་ཡེ་ཤེས་ནི།། འཁོར་ལོ་ཡིད་བཞིན་ནོར་བུའི་མདོག། ནམ་མཁའི་རྡོ་རྗེ་དབུ
191b4 ཆུད་པར།། ཟླ་བའི་དཀྱིལ་འཁོར་དམ་པ་བསམ།། སངས་རྒྱས་སྐུ་ནི་རྣམ་བསྒོམས་ལ།། ནམ་མཁའི་རྡོ་རྗེ་མཆོག་སྒོམ་མོ།། ཞལ་མཛེས་སྤྱན་ནི་ཡངས་པ་དང་།། ཨུཏྤལ་སྔོན་པོའི་འདབ་མའི་མདོག།
191b5 མཚན་རྣམས་ཐམས་ཅད་ཡང་དག་རྫོགས།། ནམ་མཁའི་སྒྱུ་མའི་མཆོག་བསམ་མོ།། ཕྱག་ཏུ་ཨུཏྤལ་སྔོན་དམར་ཏེ།། ཁམས་གསུམ་པས་ནི་ཕྱག་བྱས་པ།། སངས་རྒྱས་བྱང་ཆུབ་བྱེད་པའི་མཆོག། གས
191b6 པའི་དངོས་གྲུབ་རྡོ་རྗེ་ཅན།། ནམ་མཁའ་རྡོ་རྗེའི་དབུས་ཆུང་བར།། ཟླ་བའི་དཀྱིལ་འཁོར་དམ་པ་བསམ།། སངས་རྒྱས་སྐུ་ནི་རྣམས་བསྒོམས་ལ།། རྡོ་རྗེ་ཆོས་མར་རྣམ་པར་བསམ།། མཛེས་པའི་ཞལ་ལ་སྤྱན
191b7 ཡངས་པ།། པདྨ་རཱ་ག་ལྟ་བུའི་མདོག། སྐུ་མདོག་དམར་པོ་ཡང་དག་བྱུང་།། ཆགས་པའི་པདྨ་འཛིན་སྡུག་པ།། མཚོན་རྣམས་ཐམས་ཅད་ཡང་དག་རྫོགས།། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན།། ཕྱག
iiif viewer powered by OpenSeadragon
191a - 192a