e-texts navigator
Collection
Volume
Page
Wylie

127b1 ཡང་རྡོ་རྗེ་སེམས་མ་སོགས།། ཕྱག་རྒྱས་དབང་བསྐུར་དབུ་རྒྱན་བརྟག། གཏི་མུག་རྡོ་རྗེ་ལ་སོགས་པ།། སོ་སོའི་བདག་པོ་དབུ་རྒྱན་ཅིང་།། དབང་བསྐུར་ཆེན་བུམ་པ་ཆེ།། ཕྱག་གིས་བསྡམས་ཏེ་དབང་བསྐུར་རོ།། འཛང་།
127b2 ལོ་ལས་ཀུན་བྱེད་པ་ལ།། གསང་དབང་ལག་ན་རྡོ་རྗེ་ཡིས།། བསྟོད་པའི་རྒྱལ་པོ་འདི་ཡིས་བསྟོད།། གདུག་པ་སྐྲག་བྱེད་འཁོར་ལོ་མེ་ལྟར་འབར།། དུས་གསུམ་ཁྲོ་རྒྱལ་ཧེ་རུ་ཀ་ཡི་ཐུགས།། ལས་རྣམས་དག
127b3 བྱེད་ཕྲག་དོག་རྡོ་རྗེ་སྟེ།། མ་ལུས་ཚེམས་གཅོད་གསོལ་བས་སྐུ་ཡི་དང་།། ཧཱུཾ་དང་པར་ཀྱི་གདུག་རྩུབ་སྦྱོར་བས་གསུང་།། ཀུན་གྱི་རང་བཞིན་ཁྱོད་ཀྱི་གཤིན་རྗེ་ཡི།། ལྷོར་འཛུད་བཀའ་ལས་དེས་ཀྱང་མི་འདའ་ཞིང་།
127b4 ཕྱོགས་བཅུའི་སྤྲུལ་པའི་གནས་ནས་འགུགས་མཛད་པ།། མ་ལུས་ཀུན་བྱེད་འཁོར་ལོ་ཆེ་མཆོག་ལ།། གཞན་གྱི་དོན་རྫོགས་གུས་པས་ཕྱག་འཚལ་ལོ།། ཁྱོད་ནི་དཔའ་བོ་ཐུབ་ཆེན་ཀུན་གྱི་བདུད།། ང་ཡིས་ལམ
127b5 བསྟན་བདུད་རྣམས་མི་ཕྱེད་ཀྱང་།། དམ་ལས་འདའ་ཞིང་ལོག་པ་ཀུན་སྐྱེད་ལ།། ཁྱོད་ཀྱང་བཀའ་ལས་མ་འདའ་ལས་རྣམ་སྦུབས།། ཚེ་དང་སྲོག་བསྡུས་ཡན་ལག་རྣམ་པར་བཅིངས།། བདུད་རྩི་ཆུ་རྒྱུན་རྣལ་འབྱོར་ང་ལ
127b6 འདོད་སྒྲུབ་ན།། ངས་ནི་སྦྱིན་བྱ་ཁྱོད་ནི་དམ་ལས་མ་འདའ་ཞིག། ཅེས་དཔལ་གཤིན་རྗེ་དགྲ་ནག་པོའི་འཁོར་ལོ་གཞན་གྱི་ལྟོ་བ་ལ་གནས་འཆའ་བར་འདོད་པའི་གཏན་འཕོ་བ་མ་ཡིན་པའི་ཚེ་བྱའོ།། འཁོར་ལོ་སྙིང་ཁར་ལྟ
127b7 བའི་ཆ།། ས་བོན་ཚུལ་ཏེ་ལྟེ་བ་ལ།། ཡི་གེ་མ་ལུས་འདོད་པ་ཡང་།། མཚན་ཉིད་ངན་པའི་རྟོག་པ་ལས།། གྲོལ་ཏེ་མཐའ་གསུམ་ངོ་བོ་ལས།། ཀྵ་ནི་ཟད་པའི་བདག་ཉིད་ལ།། ཨུ་ནི་ཧཱུཾ་གི་བདག་ཉིད་དེ།། དེ་ནི་སེམས




iiif viewer powered by OpenSeadragon

127a - 128a

Texts on this page

Ty061-006 - gshin rje gshed dgra nag po'i 'khor lo las thams cad grub par byed pa zhes bya ba'i rgyud kyi rgyal po