e-texts navigator
Collection
Volume
Page
Wylie

125b1 མང་དེ་བཞིན་མཚབས།། ཆོས་འབྱུང་དང་ནི་སྒྲུབ་པོ་དང་།། བཟླས་དང་དེ་ཡི་གྲངས་ཚད་དང་།། འཁོར་ལོ་དང་མི་ཡི་གེ་གཉིས།། ངེས་པར་ལུས་དང་མཆོད་པ་དང་།། འཁོར་ལོ་འདྲི་བའི་མཚན་མ་དང་།
125b2 འབྱུང་བ་བཞི་དང་བསྡུ་སོགས་དང་།། སྡོམ་པ་འཁོར་ལའ་ཡོ་གེ་བྲི།། གཞི་དང་དེ་བཞིན་སྡུག་ཆ་དང་།། སོ་སོ་ལས་ཀྱི་བྱེ་བྲག་སྟེ།། བསྡུས་ཏེང་ཡིས་བསྟན་པ་ཡིན།། དེ་ནས་བཅོམ་ལྡན་འདས་ཀྱིས
125b3 འབྱུང་པོ་རྣམས་ཀྱི་གཏོར་མས་ཚིམ་པར་བྱ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་སྔགས་འདི་བྱུང་ངོ་།། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏྲ་ན་ན་ཧཱུཾ་ཧཱུཾ་བང་པ
125b4 སྭཱ་ཧཱུ~ཾ་ཏྲ་འབྱུང་པོ་རྣམས་དང་རྣམ་སྤེལ་ཏེ།། ཐ་མར་སྦྱར་བ་བྱས་པ་ནི།། ཧི་ཧི་ཧི་ཧཱུཾ་ཕོ་བོ་བོ་སྭཱ་ཧཱ། དུར་ཁྲོད་རྒྱན་གྱིས་རྣམ་བཞུགས་པའི།། ཞེ་སྡང་གཤིན་གཤེད་རྡོ་རྗེ་ནི།། སྤོས་མེད་ནམ་མཁའ་ལྟ་བུ་ལས།།
125b5 སྙིང་རྗེ་ཐབས་ཀྱིས་སྐུ་སྤྲུལ་པ།། ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པའི།། དུད་ཁ་མུན་ཆེན་སྐུ་ལ་འདུད།། གར་དགུ་ཉམས་དང་ལྡན་པ་ཡི།། གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད།། སྐྱེ་མེད་དོན་དམ་ངང་ཉིད་ལས།
125b6 ཐབས་ཀྱིས་སྤྲུལ་པའི་སྐུར་བསྟན་པ།། འཇིགས་བྱེད་དྲག་པོའི་ཆ་ལུགས་ཅན།། ཟླ་བ་ཉ་འདྲ་ཁྱོད་ལ་འདུད།། བསྐལ་པའི་མེ་ལྟར་འབར་བ་ཡི།། སེར་སྣ་གཤིན་རྗེ་རྡོ་རྗེ་ནི།། འཛིན་པ་པོ་ལས་གྲོལ་བ
125b7 ཡིས་ངང་གདུག་པ་འདུལ་ཕྱིར་ཁྲོ་བོར་སྤྲུལ།། གཏེར་འཆང་སེར་སྣ་གྲོལ་མཛད་པ།། བཅོམ་གསེར་འདྲ་ཁྱོད་ལ་འདུད།། ཆགས་པས་མ་ལུས་དབང་མཛད་པའི།། འདོད་ཆགས་གཤིན་རྗེ་རྡོ་རྗེ་ནི།། སྐྱེ་མེད




iiif viewer powered by OpenSeadragon

125a - 126a

Texts on this page

Ty061-006 - gshin rje gshed dgra nag po'i 'khor lo las thams cad grub par byed pa zhes bya ba'i rgyud kyi rgyal po