e-texts navigator
Collection
Volume
Page
Wylie

124b1 ནོར་འཛིན་འདྲ་བར་འགྱུར།། ཨོཾ་ཆེག་མོ་པུཥྚི་ཀུ་རུ་ལོ།། གྲོ་ག་སྲོག་གི་ཤོག་ཤོག་ལ།། གིའུ་ཝང་དང་ནི་རང་བྱུང་གི། མེ་ཏོག་དག་གིས་བྲི་བ་སྟེ།། ཡང་ན་ཐ་དག་ཁྲག་དང་ནི།། བིལ་བའི་ཁོ་པའི་ཁུ་བ་དང་།
124b2 རས་དམར་པོ་ཡི་ཁུ་བ་དང་།། རྩི་རྣམས་བསྲེས་ལ་བྲི་བར་བྱ།། སྤྲ་ཚོལ་གྱིས་ནི་འཁོར་ལོ་ཟིལ། བུམ་པ་མར་སྤྲིང་ལྡན་པར་གཞག། དུས་བཞི་དག་ཏུ་མཆོད་པ་ནི།། མེ་ཏོག་དམར་པོས་མཆོད་པའོ།། དེ
124b3 བཟླས་པ་ཚུལ་དག་ནི།། ཧོ་བ་ཤཾ་ཀུ་རུ་ཧོ།། དེ་མ་ཐག་ཏུ་ལྷ་རྣམས་ཀྱང་།། དབང་དུ་བྱེད་པར་ངེས་འགྱུར་རོ།། ཐོག་དག་ལ་བྲི་བ་ནི།། ཟླ་བ་གཟས་ཟི་དུས་དག་གམ།། རྒྱལ་གྱི་ཉིན་པར་བྲི་བྱ་སྟེ།། སྲུང་བ་དམར
124b4 པོས་འཁོར་ལོ་དཀྲི།། མེ་ཏོག་དམར་པོས་མཆོད་པ་བྱ།། ཟོད་པ་ཁ་སྦྱར་ནང་གཞག་སྟེ།། བཟླས་པ་ཁྲིས་ནི་བརྒྱ་བྱིན་གྱི།། བུ་མོའང་རྙེད་པར་ངེས་འགྱུར་རོ།། དུར་ཁྲོད་ཀྱི་ནི་རས་དག་ལ།། གུར་ཀུམ་སོགས
124b5 ཀྱིས་འཁོར་ལོ་བྲི།། ཡི་གེ་ཐིག་ལེས་རྣམ་བསྐོར་ཏེ།། ཨ་མུ་ཀི་དང་མཱ་མོ་ཀཱི།། མོ་ཧ་ན་དང་རྣམ་སྤེལ་ལ། ཁསྒྲུབ་བྱའི་གོས་ཀྱི་མཐའ་མ་ལ།། ལེགས་བཏགས་ཆོས་ཀྱི་དབྱིངས་ཉིད་དུ།། བསྒོམས་ནས་ཟློས
124b6 ཤིང་འགྲོ་ན་ཡང་།། ལྷ་དང་ལྷ་ཡིན་གྱིས་མི་མཐོང་།། བདག་ཉིད་གཤིན་དགྲ་ཉིད་བསྒོམས་ནས།། ཆུ་ཡི་སྟེང་ནས་འགྲོ་འདོད་ན།། རྡུལ་ཕྲན་ལྷ་ཡི་རྣམ་པར་ཏེ།། ཨོཾ་ཌྱན་དུ་ནི་བདག་རང་ཉིད།། ངེས་པར་སྟེང
124b7 འགྲོ་གཞན་དག་ཀྱང་།། བུ་མོས་ནགས་ཀྱི་རས་བ་ལ་ལ།། སྐུད་པ་བཀལ་བ་གཞོན་ནུ་མས།། སུམ་སྒྲིལ་དུ་ཡང་དེ་ཡིས་བྱ།། གདུག་སྔགས་སྟོང་དུ་ཚང་བར་ཏེ།། བཟླས་ཚུལ་སྔོན་དུ་གསུངས་པ་བཞིན།། སྐར




iiif viewer powered by OpenSeadragon

124a - 125a

Texts on this page

Ty061-006 - gshin rje gshed dgra nag po'i 'khor lo las thams cad grub par byed pa zhes bya ba'i rgyud kyi rgyal po