e-texts navigator
Collection
Volume
Page
Wylie

124a1 བསམ།། དེ་ཡི་མགོན་སྐྱབས་གསལ་བྱས་ནས།། གཤིན་རྗེའི་ལྟོ་བའི་མཐའ་མར་གཞག་བེ་ཅོན་ཐོགས་པས་དེ་ཟའོ།། འདི་ལྟར་བསད་པས་སངས་རྒྱས་ཀྱི།། སྲས་སུ་དེ་ནི་སྐྱེ་བར
124a2 འགྱུར།། ལས་ཀྱི་སྡིག་ལས་དེ་གྲོལ་ལོ།། གསོད་པའི་སྔགས་དེ་སྤེལ་བ་ནི།། ཧཱུཾ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ།། བསྒྲུབ་བྱ་ནང་དག་དབྱེ་བ་ན།། མ་ཧེ་རྟ་ཡི་པགས་པ་དག། ཡང་ན་རོ་དང་དུར་ཁྲོད་རས།། རྟ་དང་མ་ཧེ་བྱི་ལ
124a3 འམ་ཛང་ཁྱི་དང་ནིམ་པའི་འདབ་ཁུ་དང་།། ཁྱིམ་བྱའི་ཁྲག་དང་སྐེ་ཚེ་བསྲེ།། དེར་ནི་འཁོར་ལོ་འདི་བྲིས་ཏེ།། རྣམ་པར་འགྲས་པ་བསྐུལ་དང་ལྡན།། རྟ་སྦལ་དག་གི་ནང་བཅུག་སྟེ།། མ་ཧེའི་རྨིག་པའི་ནང་བཅུག་ལ།
124a4 སྟོང་ཕྲག་བཅུ་ནི་ཚང་བར་བཟླས།། ནིམ་པའི་ཤིང་བསྲོས་དེ་ནང་སྦ།། དེ་ནང་འགྲས་པ་ཉིད་དང་ནི།། དཔག་ཚད་བརྒྱས་ཆོས་འབབ་པར་འགྱུར།། ཨ་མུ་ཀི་དང་ཨ་མུ་ཀི་བི་དྭེ་ཥ་ཡ་བཊ། རིམས་ཀྱིས་ཐེབས
124a5 པར་བྱ་བ་ལ།། དུར་ཁྲོད་ཀོ་བ་ཆེ་བ་ལ།། ཨརྒ་ཤིང་གི་ལོ་མ་དང་།། ཙི་ཏྲཀ་དང་སྐེ་ཚེ་དང་།། ཁྲག་གིས་འཁོར་ལོ་བྲི་བར་བྱ།། བི་བ་བརྐོས་ལ་རི་མོ་དག་སེང་ལྡེང་མདག་མེ་དུ་མེད་ལ།། བསྲོ་ཞིང་ཁྲོས་པས
124a6 ལྔ་བརྒྱ་བཟླ།། ཁྱིམ་དང་ལམ་གྱི་བཞི་མདོ་དང་།། དུར་ཁྲོད་སྦས་ན་རིམས་ཀྱིས་འཛིན།། རྒྱས་པའི་ལས་ཀྱིས་རྒྱས་འདོད་ན།། གིའུ་ཝང་གིས་ནི་གྲོ་ག་ལ།། འཁོར་ལོ་གཉིས་ནི་རྣམ་བྲིས་ཏེ།། བསྐུལ་ཚིགས་ལྡན
124a7 པར་ཡི་གེ་བྲི། ཟླ་དྲུག་ཟད་ཀྱི་མདུན་དག་ཏུ།། གནོད་སྦྱིན་དང་ནི་གནོད་སྦྱིན་མོས།། རིན་ཆེན་ཆར་ནི་འབེབས་པ་དང་།། གཤིན་དགྲ་སེར་པོ་ཟླ་སེ་ར་ལ།། གནས་པར་བསམས་ཏེ་ཁྲི་བཟླས་ན།། འཕགས་པ




iiif viewer powered by OpenSeadragon

123b - 124b

Texts on this page

Ty061-006 - gshin rje gshed dgra nag po'i 'khor lo las thams cad grub par byed pa zhes bya ba'i rgyud kyi rgyal po