e-texts navigator
Collection
Volume
Page
Wylie

123b1 གིས་དང་གདུག་བྱེད་ལས་འདི་བྱེད་པ་ལ།། གཤིན་དགྲ་ལྷ་ཡི་རྣལ་འབྱོར་གྱིས།། ཞག་གཅིག་གིས་ནི་འགྲུབ་པར་བྱེད།། བཅུ་བཞི་ཞིམ་ཕྱེད་པ་ན།། བྱ་རོག་སྤྲོ་རྩའི་སྦུ་གུ་ཡིས།། དུར་ཁྲོད་ཀྱི་ནི་རས་དག་ལ།།
123b2 དུག་དང་ཚྭ་དང་སྐེ་ཚེ་དང་།། ནིམ་པ་ཚ་བ་གསུམ་དག་དང་།། ཚ་བའི་མར་ཁུ་དུར་ཁྲོད་སོལ།། སྨྱོ་བྱེད་མཛུབ་མོའི་ཁྲག་གིས་བྲིས།། རོ་བསྲེགས་པ་ཡི་ཐལ་བ་དང་།། སྒྲུབ་བྱའི་རྐང་པའི་རྗེས་ཀྱིས།། མི་ཡི་རུས
123b3 ཕྱེ་ལ་སོགས་ལ།། གཟུགས་བྱས་དེ་ཡི་སྙིང་ཁར་གཞུག། དུར་མེ་དག་ལ་དེ་བསྲོ་ཞིང་།། ཁྲོས་པའི་སེམས་ཀྱིས་ཁྲི་བཟླས་མ། སྐད་ཅིག་ཙམ་གྱིས་འཆི་བ་ནི།། དེ་ཡི་ཁྱིམ་མམ་དུར་དུ་སྦ།། དེ་ལྟའི་ལས་ཀྱི་དེ
123b4 འགྲུབ་སྟེ།། མཚན་མོ་ཕྱེད་ན་ཁ་ལྷོར་བལྟ།། བདག་ཉིད་འཇིགས་པའི་གཟུགས་ཅན་ཏེ།། ཞལ་སོགས་སྔོན་དུ་གསུངས་པ་ལྟར།། མ་ཧེའི་སྟེང་ན་མཆེ་བ་གཙིགས།། གསུས་ཁྱིམ་ཆེ་ལ་གྱེན་སྐྲ་འབར།། སྤུ་སོགས
123b5 གཞན་ཡང་དེ་འདྲའོ།། བ་སྤུ་དག་གི་བུ་ག་ནས།། འཇིགས་མཚོན་སྣ་ཚོགས་ཐོགས་པ་ཡི།། ཁྲོ་བོ་མང་པོ་འཕྲོ་བ་སྟེ།། བདག་ཉིད་བསྐལ་པའི་མེ་ལྟར་འབར།། བསྒྲུབ་བྱ་མདུན་དུ་བསམ་བྱ་བ།། མཚམས་མེད
123b6 རྫོགས་པའི་སྡིག་དང་ལྡན།། དྲི་མ་ཅན་དེ་ཕྱོགས་གོས་འཆང་།། གྲོང་ཁྱེར་སྐྱེ་བོས་འཚེ་བ་ཅན།། གྲང་བའི་རེག་པས་ལུས་ལ་རྒྱས།། མཚོན་གྱིས་བཏབ་པ་བྱས་པ་ལ།། གཅན་གཟན་སོགས་ཟ་མདུན་དུ་བསམ།
123b7 གང་དུའང་དེ་ལྟར་ཡང་ཡང་བརྗོད།། ལྕགས་ཀྱི་ཁྱུད་མོས་ཡན་ལག་བསྡམས།། ཚེར་མས་དབུག་པ་བྱས་པ་སྟེ།། ལུས་ནི་པགས་པ་མེད་པར་བསམ།། སྐེ་ཚེ་ལན་ཚྭས་ལུས་བྱུགས་ཏེ།། ཨུ་ཆུ་བ་ཡི་སྒྲ་བྱིན




iiif viewer powered by OpenSeadragon

123a - 124a

Texts on this page

Ty061-006 - gshin rje gshed dgra nag po'i 'khor lo las thams cad grub par byed pa zhes bya ba'i rgyud kyi rgyal po