| | e-texts navigator
|
122b1 ཡིས་དུད་རྩི་ལྔས་གང་བུམ་པ་ཡིས།། མུ་ནུར་དག་གིས་དབང་བསྐུར་ཏེ། དེ་འོག་བཟླས་པ་བརྩམ་པར་བྱ།། སཱརྦྦའི་སྔོན་དུ་བསྐུལ་ཚིག་ལྡན།། བུད་མེད་ལ་ནག་རུ་ཝང་སྱ།། ཕྱི་རོལ་མཚངས་བཞིར
122b2 ཡིས་བགགས་བསླང་སྦེང་དུ་བླ་རེ་བྲེ།། ཕྱེ་མ་སྐྱེས་པའི་ཇི་བཞིན་ནོ།། བྲེ་བྲག་ཏུ་ཡང་སྐྱེས་པ་འམ།། བུད་མེ་ཞི་བར་འདོད་ན་ཡང་།། གཔུམ་ཅན་དན་དག་གིས་ནི།། ཤིར་ཤ་ཤིང་གི་ཤུན་པ་ལ།། འཁོར་མོ་ཡིན
122b3 ལེགས་བྲིས་ཏེ།། ཤར་དུ་ནང་པར་བལྟས་ཏེ་མཆོད།། ལས་ཀུན་བྱེད་པའི་ཐབ་ལ་ཡང་།། སྔོན་གསུངས་ཞལ་ལྡན་དགོད་པར་བྱ།། ཕྱི་རོལ་མཚམས་བཞིར་བུར་བ་ཡིས།། བགེགས་བསྐྲད་སྟེང་དུ་བླ་རེ་བྲེ།། བུམ་པ
122b4 ཁ་རྒྱན་དང་ལྡན་ཞིང་།། རིན་ཆེན་འབྲུ་དང་སྨན་དུ་ལྡན།། དྲི་ཞིམ་ཆུ་དང་ལྡན་པར་བྱ།། གོས་བཟང་གིས་ནི་མགྲིན་པ་དཀྲི།། ཕྱོགས་བཞི་དག་ཏུ་གཞག་པར་བྱ།། ཟང་ཀ་འམ་དཀྱིལ་འཁོར་ལོ་མཆོད་དོ།། དྲི་འམ་ཆུ་དང
122b5 མེ་ཏོག་དང་།། བསྲེས་པའི་སྦྱོར་མོས་ཆུ་ཡང་བླུགས།། གཟར་བུ་སྟོང་གིས་སྦྱིན་སྲེག་བྱ།། ཆུ་དེས་གཞན་ཡང་གཏོར་བར་བྱ།། བར་མ་ཆད་པར་ཉིན་བདུན་དུ།། དེ་ལྟར་རྒྱུན་དུ་གཏོར་མ་སྦྱིན།། ཕྱི་ནས་འཁོར་ལོ་རིན་ཆེན
122b6 དེདང་བུམ་པའི་ནང་ནས་རྣམ་ཕྱུང་སྟེ།། རྒྱལ་མཚན་རྩེ་ལ་བཏགས་སུ།། གནས་མཐོན་པོར་ཡང་གཞག་པར་བྱ།། ཞི་བར་བྱེད་པར་ཐེ་ཚོམ་མེད།། སྔར་བཤད་པ་ཡི་ཤིང་ཤུན་དང་།། དུར་ཁྲོད་རས་ལ་སྒྲུབ་པོ་ཡིས།།
122b7 ཡུང་བའི་ཁུ་བས་འཁོར་ལོ་བྲི།། སོ་མ་བཏང་བའི་ཁམ་པོར་དུ།། སྒྲུབ་པའི་རྐང་རྗེས་ས་དག་དང་།། སྣང་མཛད་ཆུ་ངོགས་ས་དག་དང་།། རི་དང་ལམ་ས་བཏགས་ནས་ནི།། ལྡོང་རོས་དང་ནི་ཡུང་བ་ཡི།། ཁུ་བས
iiif viewer powered by OpenSeadragon
122a - 123a