| | e-texts navigator
|
122a1 སིན་པྲ་ཏིའང་ཞི་བར་བྱེད།། དགྲ་བཅོམ་གསོད་པའང་རེ་ཞི་ལ།། བརྒྱ་བྱིན་ཉིད་ཀྱང་དབང་དུ་ངེས།། དེ་ལྟ་བུ་ཡི་འཁོར་མེད།། ཐོག་མར་བྲིས་ཉིད་འོག་ཏུ།། བྱིན་བརླབས་མ་ནོར་དེ་ཉིད།
122a2 ལ་རང་མཆོད་པ་གུས་པར་བདག་གིས་བྱ།། མཆོད་མིན་ལས་རྣམས་བྱེད་པ་ལ།། འབྲས་བུ་འབྱུང་མིན་འཁྲུལ་པ་ལའང་།། འབྲས་མེད་ངལ་བ་ཉིད་ཡིན་ནོ།། ཡང་ལྷ་མོ་རོ་ལངས་མ་ཉིད་སྟན་ལས
122a3 ལངས་ཏེ་མཆོད་པ་ཆེན་པོ་བྱས་ཏེ་འདི་སྐད་ཅེས་གསོལ་བ་བཏབ་པོ།། འཁོར་ལོ་འདྲི་བའི་སྣ་ཚ་གང་།། བྲི་གཞི་སྦུ་གུ་ཇི་ལྟ་བུ།། གཅིག་གམ་འོན་ཏེ་དེ་ཐ་དད་།། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།
122a4 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ལེགས་སོ་ལེགས་སོ།། དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང་ངས་བཤད་དོ།། ཇི་ལྟར་ལས་རྣམས་བྱེ་བྲག་ཡོད་པ་ལྟར།། བྲི་བའི་གནས་དང
122a5 བཞུགས་པའི་གནས།། ཐ་དང་དེ་བཞིན་འཁོར་ལོ་སྒྲུབ།། སྣག་ཆ་ཐ་དང་འབྲུ་རྣམས་བཞིན།། གྲོང་ཁྱེར་ཆེན་པོ་བསྲུང་འདོད་དམ།། སྐྱེས་པ་བསྲུང་བར་འདོད་ན་ཡང་།། སྲོ་ག་དེ་བཞིན་ཨུ་བྷི་ཤུན།། ཟླ་གོར་ན
122a6 ཤའི་ཤུན་པ་འམ།། རས་ལ་ཁ་ཆིས་འཁོར་ལོ་ནོ།། བསྐལ་བའི་ཚིག་དང་ལྡན་པར་རོ།། སོམ་བཏང་བའི་ལམ་པོར་དུ།། སྤང་མ་རདག་དབུས་འཁོར་ལོ་གཞུག། སྲུད་པ་དཀར་པོས་ལེགས་པར་དཀྲི།། ནང
122a7 པར་ཤར་དུ་ལ་བལྟས་ཏེ།། མེ་ཏོག་དཀར་པོ་དག་གིས་མཆོད།། བདག་ཉིད་དཀར་པོའི་མདོག་ཏུ་བསམ།། མདུན་དུ་སྐྱེས་པ་ཟླ་བ་ལ།། མཐའ་དག་གནས་པར་ངུར་དུ་བསམ།། སངས་རྒྱས་ཕྱོགས་བཅུར་བཞུགས་པ
iiif viewer powered by OpenSeadragon
121b - 122b