| | e-texts navigator
|
121b1 ཕ་རོལ་ཕྱིན་པ་ཡི།། ཕྱག་རྒྱ་ཚལ་དེ་གཞོལ་ཏེ།། ངོ་བོ་དང་བྲལ་དངོས་པོ་འཇིག། མ་བྱིན་བྱང་ཆུབ་བླང་བ་ལ།། བརྩོན་པས་ལེ་ལ་དོར་བར་བྱ།། བརྫུན་དུ་ཤེས་བྱ་དངོས་པོ་རྣམས།། དེ་ནས་དེ་བཞིན་གཞན་ལ།
121b2 བརྗོད།། རྒྱས་བཏབ་པ་ཡི་དངོས་པོ་ལ།། རྒྱབ་ཤིག་ཤེས་རབ་རལ་གྲི་ཡིས།། བཅད་ཅིང་རྣམ་པ་མེད་པ་ལ།། བསད་པ་ཡང་ནི་ང་ཡིས་བསྒྲགས།། ཨུ་མེད་པ་ཡི་ཡི་གེ་རྣམས།། སྟེང་གི་གཡས་ཕྱོགས
121b3 ཉིད་ནས་བྲི།། འོག་གི་ཡི་གེ་བྲི་བ་ནི།། དེ་ཉིད་གཡོན་གྱི་ཕྱོགས་ནས་བྲི།། ཨཱ་ལི་ཀཱ་ལི་དེས་བྲིས་ཏེ།། ཀྵ་མ་གཏོགས་པར་དབུས་སྟོང་སྟེ།། དེ་ལ་བགེགས་ཀྱི་མཚན་མ་འམ།། མིང་སྲོག་ངེས་པར་བྲི་བ
121b4 ཡང་ང་ལྟོ་བའི་ནང་དུ་ཆུད་པར་བྲི།། འཁོར་ལོ་ཉིད་ཀྱང་དེ་འདྲ་བ།། གྲཝ་བཞི་དག་ཏུ་བྲི་བ་ནི།། མ་ནིང་འདོད་པའི་ཀཱ་ལི་དང་།། ཨཱ་ལི་མིན་ཏེ་ལྷག་མ་ཡིན།། གདུག་པའི་ཡི་གེ་བཅུ་བཞི་པོ།། མིང་དང་བཅས
121b5 པར་ཕྱོགས་བཞིར་བྲི།། དབྱངས་ཀྱི་ཡི་གེ་བཞི་པ་ཡིས།། བཞི་པ་གཅིག་གི་མགོ་སྟེངས་སུ།། གསུམ་སྐོར་ཉིད་ནི་ཤིས་པ་ཡིན།། ལས་ཀུན་བྱེད་པའི་འཁོར་ལོ་དེ།། འདྲི་བར་བྱེད་པའི་སྤྱི་དུས་དང་།། ཁྱད
121b6 པར་དུས་ཆེས་ལྷ་ཡཾ་ནི།། རྣལ་འབྱོར་མེད་པས་བྱ་བ་མིན།། ཕྱོགས་སུ་བལྟ་བའི་བྱེ་བྲག་གིས།། ལས་ཀྱི་སྒྲུབ་པོས་ཤེས་པར་བྱ།། ལས་ཀུན་བྱེད་པའི་འཁོར་ལ་ན།། བདེ་གཤེགས་ཀུན་གྱི་སྣང་བ་སྟེ།
121b7 དེ་བཞིན་གཤེགས་པའི་གསང་བའང་ཡིན།། འཁོར་ལོ་འདིར་ནི་བཅུག་པ་གང་།། སངས་རྒྱས་ཀྱང་ནི་ངེས་པར་འཇིག་པདམ་ཆོས་སྤོང་བའང་དེ་བཞིན་ཞེ།། འཁོར་ལོས་སྦྱར་བའང་དབང་དུ་འདྲ།། ལྷ
iiif viewer powered by OpenSeadragon
121a - 122a