e-texts navigator
Collection
Volume
Page
Wylie

120b1 ལགས་པར་བྲི་བར་བྱ།། ལས་ཅན་བྱེད་པའི་འཆར་མལ།། མཛད་པ་ཡིས་པ་ལེགས་མཆད་ལ།། དའ་བ་ལས་རྣམས་བཅམ་པར་བྱ། བཟླས་པའི་མཚན་མ་ཐལསམས།། རདན་ས་པ་བྱུང་བ་ངས།
120b2 ཀྱ་དང་འཁྲུལ་འཁོར་རྣམས་ནི་བྲི་བྱ་བའི།། རྨི་ལམ་མཚན་མ་འདི་ཡིན་ཏེ།། ཚལ་ཆེན་དྲུག་པའི་གླིང་དག་དང་།། ལྷ་ལང་མཆོད་རྟེན་གཞལ་ཡས་སུ།། དམ་པ་རྣམས་དང་ངེས་ཟད་དེ།། དབང་བསྐུར་མལ
120b3 འཇོག་པ་དང་།། རྒྱ་མཚོར་བཅས་པའི་ཆུན་ལ་ལམ།། ཀླཀློ་བྲན་དུ་འཁོར་ཟིན།། ངེས་པར་འགྲུབ་སྟེ་འཁོར་ལ་ཟ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འབྱུང་བའི་དཀྱིལ་འཁོར་སྒོམ་པ་གསུངས་ཏེ།། ཡ
120b4 ལས་བྱུང་བའི་རླུང་དཀྱིལ་འཁོར།། སྔོན་པོ་གཞུ་ཡི་དབྱིབས་ཅན་ལ།། བ་དན་ལྡན་པར་ངེས་པར་བསམ།། རཾ་ལས་བྱང་བའི་མེའི་དཀྱིལ་འཁོར།། གྲུ་གསུམ་པོ་བསམ་པར་བྱ།། བཾ་ལས་བྱུང་བ་ཆུ་ཡིན་ཏེ།།
120b5 དཀར་པོ་ཟླུམ་པོ་བསམ་པར་བྱ།། ལཾ་བྱུང་སའི་དཀྱིལ་འཁོར་ནི།། ལྗང་སེར་གྲུ་བཞི་བསམ་བྱས་ཏེ།། སྔོན་དུ་བསམ་བྱ་ལྟར་རིམ་བཞིན།། ཏར་ཕྱིན་ནས་ངེས་པར་བསམ།། བྲུཾ་ལས་བྱུང་བའི་འཁོར་ལོའི
120b6 རྩིབས།། དྲུག་ཉིད་ལྡན་པའི་ལྟེ་བ་ལ།། བྲུཾ་ལས་གཞལ་ཡས་ཁང་པ་སྟེ།། གདན་དང་ལྡན་པར་སྒྲུབ་པོས་བསམ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་སྔགས་ཀྱིས་བདེ་བར
120b7 གཤེགས་པ་འཁོར་དང་བཅས་པར་བསྡུ་བར་བྱའོ།། ཨོཾ་བཛྲ་ས་མཱ་ཛཿ། ལག་ངར་གཉིས་ནི་ངེས་བསྣོལ་ལ།། མཛུབ་གཉིས་ལྕགས་ཀྱུའི་ཚུལ་བྱས་ཏེ།། སེ་གོལ་བརྡབ་ཅིང་བརྡུང་བར་བྱ།། ལྕགས་ཀྱུ་ལ




iiif viewer powered by OpenSeadragon

120a - 121a

Texts on this page

Ty061-006 - gshin rje gshed dgra nag po'i 'khor lo las thams cad grub par byed pa zhes bya ba'i rgyud kyi rgyal po