e-texts navigator
Collection
Volume
Page
Wylie

120a1 ཆེན་པོ་སྟེ།། ལྷོ་ན་སེར་པོ་ཉིད་དུའོ།། ནུབ་ནི་དམར་པོར་ངེས་པར་ཤེས།། བྱང་ནི་ལྗང་ཁུར་ཡང་དག་ལྡན།། དེ་ལས་དེ་བཞིན་གའི་རིམ།། དཀྱིལ་འཁོར་སྒོམ་པའི་ཆན་ཡང་།། བྱངས།
120a2 དང་སྙིང་རྗེ་དགའ་བཏང་སྙོམས།། ཚད་མེད་པ་ཡི་རིམ་པ་ཡིས།། སེམས་ཅན་རྣམས་ལ་ཕན་གདགས་ཕྱིར།། བརྟན་དང་གཡོ་བའི་དངོས་པོ་རྣམས།། ཡོད་མིན་མེད་མིན་གཉིས་ཀ་མིན།། གཉིས་ཀ་མིན་པའང
120a3 མ་ཡིན་ཏེ།། སྤྲོས་བྲལ་ངོ་བོ་མེད་པར་སྒོམ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ&ཧཾ། རཾ་ལས་ཉི་མ་རྣམས་བསྒོམས་ཏེ།། དེ་དབུས་ལས་ཀྱི་རྡོ་རྗེ་ནི།། ཀུན་ཏུ་རྩེ་ལྔའི་རང་བཞིན་ཏེ།། དེ་དབུས་ཧཱུཾ་ལས་རྡོ་རྗེ་ནི།།
120a4 ཀུན་ཏུ་ཕྲ་མོས་བགེགས་བཅོམ་སྟེ།། ར་བ་གུར་དང་ས་བཞི་ཡང་།། དེ་ཡི་འོག་ཏུ་ངེས་པར་སྒོམ།། གྲུ་གསུམ་གྱེན་བསྒྲེང་དཀར་པོ་ནི།། ཤིན་ཏུ་གསལ་བར་བདག་གིས་དམིགས།། ཞེ་སྡང་ལས་ནི་སྔར་མ་བྱུང་།། བྱུང
120a5 ཞིང་འབྱུང་བར་མི་འགྱུར་རོ།། བྱང་ཆུབ་སེམས་ལ་གཞོལ་བ་དང་།། གཏོང་ཞིང་ཐོས་པའི་ཁེངས་པ་མེད།། ལེ་ལོ་བཅོམ་ཞིང་ཁྲོ་བ་མེད།། སེར་སྣ་མེད་དེ་གཡོ་ཡང་མེད།། སྒྱུ་སྤངས་ཤེས་རབ་གསལ་བ་དང་།
120a6 གཅིག་ཏུ་ཐེག་པ་ཆེ་ལ་གཞོལ།། དེ་ནི་དཀའ་བ་མེད་པར་ཡང་།། གཞན་གྱི་དོན་དུ་འདི་བརྩམས་ན།། གྲངས་ནི་བྱེ་བ་ཚང་བ་ཡིས།། བཅུ་བཞིར་ཚང་བའི་གསང་སྔགས་ཀྱིས།། ལས་རྣམས་ཀུན་གྲུབ་ཐེ་ཚོམ་མེད།།
120a7 ཡང་ལྷ་མོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དེ་ཡི་འཁྲུལ་འཁོར་ཇི་ལྟ་བུ།། ཡི་གེ་རྣམས་ནི་ཇི་ལྟར་བྲི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བདུན་ཆན་བདུན་དང་ལྡན་པ་ཡི།། རོ་མིག




iiif viewer powered by OpenSeadragon

119b - 120b

Texts on this page

Ty061-006 - gshin rje gshed dgra nag po'i 'khor lo las thams cad grub par byed pa zhes bya ba'i rgyud kyi rgyal po