e-texts navigator
Collection
Volume
Page
Wylie

119b1 ཡབ་དང་ལྕགས་ཀྱུ་ཞགས་པ་སྒྲོག་དྲིལ་བུ།། གཞན་ཡང་རྒྱན་ཀུན་ལེགས་པར་བྲི།། མཆོད་པ་ལེགས་པར་དགྲམ་པར་བྱ།། ཁུ་ཚུར་དཀུ་གཉིས་གཞག་པ་དང་།། དེ་བཞིན་དཔྲལ་བར་ཞུག་པ་དང་།། ཁ་ནས་འབྱིན
119b2 དང་གར་བསྐྱོད་དང་།། བདུག་སྤོས་ཉུག་དང་མེ་ཏོག་འཐོར།། མཐེ་བོང་བསྒྲེང་སྟེ་རང་ལུས་ལ་འམ།། གཞན་ལ་ཞུག་ཚུལ་གནས་པ་ནི།། བརྒྱད་པོ་མཆོད་པའི་ལྷ་མོ་དག། བསྐྱེད་དང་ལེགས་གནས་ཕྱག་རྒྱ་ཡིན།།
119b3 སྐུ་གསུང་ཐུགས་ཀྱི་ལྷ་རྣམས་དང་།། རང་ལུས་བཅུག་སྟེ་གནས་པ་ལ།། སྔགས་ཀྱིས་བྱིན་གྱིས་བརླབས་པ་ནི།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱཀ་བཛྲ་སྭ་བྷཱ་བ་ཨཱཏྨ
119b4 ཀོ&ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། མགེ་སོགས་བྱིན་གྱིས་བརླབ་པ་ལ།། གཏི་མུག་རྡོ་རྗེ་སོགས་ཀྱིས་གསུངས།། དབང་སྦུབས་སྟོང་པ་ཉིད་བྱས་ཏེ།། སྙིང་པོ་འམ་མིང་གི་ཡི་གི་ཡིས།
119b5 རིགས་ཀྱིས་ཕྱག་མཚན་བསྣམས་པ་ཡི།། སྐུ་རྣམས་ངེས་པར་བསྐྱེད་པས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བདག་བདུད་རྩི་མྱང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར
119b6 ཞུགས་ཏེ་སྔགས་འདི་གསུངས་སོ།། ཨོཾ་ཨཱཿཧཱུཾ། དག་ཅིང་འབར་བ་རྣམ་བརྟགས་ཏེ།། ཉི་མའི་དཀྱིལ་འཁོར་དབུས་གནས་པས།། ཞེ་སྡང་རྡོ་རྗེའི་བདག་པོ་སྟེ།། ཟླ་བའི་དབུས་སུ་གཏི་མུག་བསམ།། རིན་ཆེན་དབུས་སུ
119b7 བསམ་པ་ཡང་།། སེར་ན་ཉིད་དུ་བསམ་པར་བྱ།། པདྨའི་དབུས་སུ་འདོད་ཆགས་བསམ།། སྣ་ཚོགས་དབུས་སུ་ཕྲག་དོག་བསམ།། བསམ་བྱ་ལྡག་ལ་ས་བོན་ཏེ།། འཕྲོས་པས་བཀུག་སྟེ་ཚིམ་པར་བྱ།། ཤར་ནི་དཀར་པོ




iiif viewer powered by OpenSeadragon

119a - 120a

Texts on this page

Ty061-006 - gshin rje gshed dgra nag po'i 'khor lo las thams cad grub par byed pa zhes bya ba'i rgyud kyi rgyal po