e-texts navigator
Collection
Volume
Page
Wylie

119a1 བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་གསུངས་པ་ནི། ཨོཾ་བཛྲ་ཨ་ཀུ་ཤ་ཛང་། ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨ་བེ་ཤ་ཧོ། བློ་ལྡན
119a2 མཁས་པས་ཅི་ནུས་ཀྱིས།། ཐིག་གིས་ཐིག་ནི་གདབ་པ་ལ།། ཚད་ལྡན་འཇུར་བདུད་མེད་པ་དང་།། གཤེར་ཞིང་གསར་པ་མཛེས་པ་ཡིས།། ཤར་དུ་བལྟས་ཏེ་གདབ་པར་བྱ།། ཚངས་ཐིག་གཉིས་པ་གདབ
119a3 པ་ཡང་།། ལྷོ་རུ་བལྟས་ཏེ་གདབ་པར་བྱ།། དེ་འོག་མཐའ་ཡི་ཐིག་གདབ་པ།། བྱིན་ཟར་གནས་ཏེ་དབང་ལྡན་བལྟ།། རླུང་གནས་བདེན་བྲལ་ལ་བལྟས་ཏེ།། ནུབ་དུ་ལེགས་པར་བྲི་བར་བྱ།། དེ་ནས་ཤར་དུ་ཁ
119a4 བལྟས་ཏེ།། བྱང་དུ་བྲིས་ཏེ་བྱིན་ཟར་གནས།། བདེན་བྲལ་མིན་པའི་མཐའ་མ་གདབ།། བལྟ་བ་བདེན་བྲལ་ཕྱོགས་སུའོ།། སློབ་དཔོན་ལྡང་མིན་གྲོགས་པོ་ནི།། རི་དགས་ཞོན་པའི་ཕྱོགས་འདུག་སྟེ།། མཚམས
119a5 ཐིག་དང་པོ་གདབ་པར་བྱ།། གཉིས་པའང་བདེན་བྲལ་ཕྱོགས་འདུག་སྟེ།། བགེགས་ཕྱོགས་བརྐྱང་ལ་གདབ་པར་བྱ།། དབུས་དང་མཐའ་མར་ཕྱེ་བ་ཡི།། གཞལ་ཡས་ཁང་པའི་མཚན་ཉིད་ནི།། གྲུ་བཞིར་བགྱི་ཞིང
119a6 སྒོ་ཞི་དང་།། རྟ་བབས་བཞིས་ནི་བརྒྱན་པ་ཡི།། དབུས་ཀྱི་རྩིབས་བརྒྱད་ལྟེ་བ་ལ།། རྡོ་རྗེ་ཐོ་བ་བྲི་བར་བྱ།། ཉི་མའི་དཀྱིལ་འཁོར་དབུས་ཉིད་དུ།། གྲི་གུག་ཀྱང་ནི་བྲི་བར་བྱ།། ཤར་རྩིབས་འཁོར་ལོ་ཆེན་པོ་སྟེ།། རིན་ཆེན
119a7 ལྷོ་མོ་ཕྱོགས་རྩིབས་ལ།། པདྨ་དམར་པོ་ནུབ་དུ་བྲི། བྱང་དུ་རྡོ་རྗེ་ཀུན་ཏུ་རྩེ།། ཤར་ལྷོ་ཕྱོགས་སུའང་དེ་དང་འདྲ།། གྲཝ་བཞིར་རྒྱལ་པོའང་གཉིས་བཅིག་ཏུ།། མཚན་མ་རྣམས་ནི་ལེགས་པར་བྲི།། སྒོ་བཞི་དག་ཏུ་བྲི་བ




iiif viewer powered by OpenSeadragon

118b - 119b

Texts on this page

Ty061-006 - gshin rje gshed dgra nag po'i 'khor lo las thams cad grub par byed pa zhes bya ba'i rgyud kyi rgyal po