| | e-texts navigator
|
118a1 རབ་འཇིགས་པ།། ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་སྟེ།། བརྐྱང་བསྐུམ་གར་གྱིས་ཞབས་བཞིར་གནས།། སྟག་ལྤགས་ཀྱིས་ནི་རྣམ་དཀྲིས་ཤིང་།། སེང་གེ་ས་རལ་རལ་པ་ནི།། རྐྱེན་འགྲེང
118a2 འདུས་ཏེ་སྤྱི་བོར་ཡང་།། ཐོད་པའི་འཕྲེང་བས་རྣམ་པར་བཅིངས།། འདི་ནི་ཁྲོ་བོ་ཚོལ་པ་སྟེ།། ལག་ཆ་སྣ་ཚོགས་དག་དང་ལྡན།། ཤར་རྩིབས་ལ་སོགས་རྣམ་བཞི་ལ།། གཏི་མུག་སོགས་ཏེ་བཞི་པོ་ཡང་།
118a3 དཀར་དང་སེར་དང་དམར་བ་ཡང་།། དེ་བཞིན་བཞི་པ་ལྗང་ཁུ་སྟེ།། གཡས་ཀྱིས་འཁོར་ལོ་རིན་ཆེན་འབར།། པདྨ་སྣ་ཚོགས་རྡོ་རྗེ་སྟེ།། གཡོན་གྱིས་དྲིལ་བུ་ལེགས་པར་འཛིན།། མཚམས་སུ་ལཾ་སོགས་ལ་སྐྱེས
118a4 པ་ང་ལྷ་མོ་བཞི་པོ་ངེས་པར་བསམ།། བདག་པོ་འདྲ་སྟེ་སྒེག་ཉམས་འཛིན།། གྲཝ་ཡི་ལྷ་མོ་མཚམས་ལ་ནི།། ལཱ་སྱེ་མུ་ཏི་ཀུར་ལྡན་ནོ།། རིན་ཆེན་འཕྲེང་བ་ཕྱག་གཉིས་བསྣམས།། པི་ཝང་སྒྲོག་པའི་གསུང
118a5 དབྱངས་ཅན།། གར་གྱིས་རྒྱས་པར་འགྲོ་བ་ཡི།། དོན་ལ་རྟག་ཏུ་བརྩོན་འགྲུས་ལྡན།། བདུག་སྤོས་སོགས་དང་བཞི་པོ་ཡང་།། རང་གི་མཚན་མ་ངེས་པར་འཛིན།། ཕྱག་རྒྱའི་སྔགས་རྣམས་བརྗོད་པས་སོ།། དེ
118a6 ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་གཏི་མུག་རྡོ་རྗེའི་སྔགས་འདི་གསུངས་སོ།། ཨོཾ་ཛི་ན་ཛི་ཀ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས
118a7 སྔགས་འདི་གསུངས་པ་ནི་སེར་ན་རྡོ་རྗེའོ།། ཨོཾ་རཏྣ་དྷྲྀཀ། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སྔགས་འདི་གསུངས་སོ།། ཨོཾ་ཨཱ་རོ་ལི་ཀ་སྟེ་འདོད་ཆགས་རྡོ་རྗེའོ།།
iiif viewer powered by OpenSeadragon
117b - 118b