e-texts navigator
Collection
Volume
Page
Wylie

117b1 འདས་ད་ལྟ་འདིན་གདུག་པ་ཅན་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་འཚེ་བར་བགྱིད་པ་དང་། མ་འོངས་པནའང་ཐེག་པ་ཆེན་པོ་པ་དང་། སེམས་ཅན་ཐམས་ཅད་ལའང་འཚོ་བར་བགྱིད་པ་དག་འབྱུང་ན་དུ་རྣམས།
117b2 ཇི་ལྟར་ཆར་གཅད་པར་བགྱི། དེ་ནས་བཅོམ་ལྡན་འདས་བགེགས་ཐམས་ཅད་འཇོམས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་སྙིང་པོ་འབྱུང་ངོ་།།
117b3 ཧྲི་དམ་ཐག་ཏུ་བཅོམ་ལྡན་འདས་ཉིད་ཞལ་དྲུག་པ། ཕྱག་དྲུག་པ། ཞབས་དྲུག་པའི་ང་བར་གྱུར་ནས། མ་ཧེ་རུ་གཉིས་པ་ལ་བརྫིས་ཏེ། མ་ཧེའི་བདག་པོ་ཆུངས་བཅས་པར། ཨེ་ཧྲཱི་ཥྚྲྀཿཝི་བི་ཏ་ན་ན་ཧཱ་མ
117b4 སྭཱཧྨ་ཞེས་ཞལ་བཞད་པ་དང་བཅས་པས། ཨོཾ་གསུང་ཞིང་མནན་པར་འགྱུར་རོ།། ལྷ་དང་། ལྷ་མ་ཡིན་དང་། བདུད་ཐམས་ཅད་ཀྱིས་སྐྲག་ཅིང་འདར་བ་དང་བཅས་པས་འདུད་པར་འགྱུར་ཏོ།། ཚངས་པ་དང
117b5 དབང་པོ་ལ་སོགས་པ་ཐམས་ཅད་ཀྱང་ཕྱག་འཚལ་ཞིང་འདུད་པར་འགྱུར་ཏོ།། དེ་ནས་བཅོམ་ལྡན་ཁྲོ་བོ་ཡི།། རྒྱལ་པོ་ཆེན་པོ་རབ་འཇིགས་པ།། ཐུགས་རྗེ་ཆེན་པོ་དང་ལྡན་པས།། གསུང་ནི་འདི་སྐད་བཀ
117b6 སྤྲུལ་ཏོ།། དེ་ནས་སྒྲུབ་པ་བཤད་བྱ་བ།། རྩིབས་བརྒྱད་དབུས་ཀྱི་ལྟེ་བ་ལ།། བདག་ཉིད་ཕྱག་དང་ཞལ་རྣམས་ནི།། དྲུག་དྲུག་ལྡན་པར་གྱུར་པ་སྒོམ།། ཞབས་ཀྱང་དེ་དང་འདྲ་བ་སྟེ།། གཡས་ཀྱི་དང་པོའི་ཕྱག་ན་ནི།
117b7 རྡོ་རྗེ་ཐོབ་གཡས་གཉིས་ན།། རལ་གྲི་དེ་བཞིན་གཡོན་གྱི་ཡང་།། དང་པོར་ཞགས་པའི་སྔགས་མཛུབ་ལྡན།། གཉིས་པར་གཏུན་ཤིང་ལེགས་པར་འཛིན།། རྡོ་རྗེ་དྲིལ་བུ་མཐའ་མས་བསྡམས།། སྟེང་ཞལ་ནག་པོ།




iiif viewer powered by OpenSeadragon

117a - 118a

Texts on this page

Ty061-006 - gshin rje gshed dgra nag po'i 'khor lo las thams cad grub par byed pa zhes bya ba'i rgyud kyi rgyal po