e-texts navigator
Collection
Volume
Page
Wylie

115b1 དམ་པ་བསྟར་བྱས་ཀྱང་།། སློབ་མ་ཡིད་གཉིས་ཐ་གྱུར་ན།། དེ་ལ་དངོས་གྲུབ་རིང་བར་བཤད།། བླ་མས་མར་ངག་སྦས་བྱས་ཀྱང་།། སློབ་མ་ཡིད་གཉིས་མི་ཟ་ཞིང་།། བླ་མའི་ཕན་ངག་དམ་པ་ཞེས།། གཅེས
115b2 སྤྲས་བྱས་ན་འགྲུབ་པར་ངེས།། དེ་ཡི་ཕྱིར་ན་སྔགས་པ་ཡིས།། རང་གི་ཡིད་གཉིས་སྤང་བའི་ཕྱིར།། བླ་མ་མཉེས་པར་བྱ་བ་གཅེས།། བསྙེན་བཀུར་བྱས་པས་ནུས་མཐུ་ཆེ།། གསང་སྟེ་བརྗོད་པས་བར་ཆད
115b3 མེདང་ཡོན་ཏན་ཕུལ་བ་བྱས་པས་ནི།། རང་སེམས་རིན་ཆེན་རྣམ་གཉིས་འགྱུར།། རིན་ཆེན་གཉིས་ལས་གྲུབ་པར་འབྱུང་།། དཀོན་པར་གྱུར་ན་བསྔགས་པ་བརྗོད།། བསྔགས་ན་ཡོན་ཏན་འབྱུང་འགྱུར་ཏེ།
115b4 བསྔགས་པ་དག་ནི་མ་བྱས་ན།། ཇི་ལྟར་ཡིད་བཞིན་ནོར་བུ་ཡང་།། གང་གིས་བསྔགས་པ་མ་བྱས་ན།། དེ་ལ་འདོད་དོན་མི་སྟེར་རོ།། དད་པ་སངས་རྒྱས་དད་པ་ཆོས།། དད་པ་དགེ་འདུན་དད་པ་མ།། དད་པ་བླ་མ
115b5 དད་པ་ཕ།། དད་པ་ལམ་ཆེར་དད་པ་གྲུ།། དད་པ་ཡིད་བཞིན་ནོར་བུ་སྟེ།། དད་པ་གསང་སྔགས་དངོས་གྲུབ་ཉིད།། དད་པ་བསོད་ནམས་ནོར་ཡིན་ཏེ།། དེ་ཡི་ཕྱིར་ན་སྔགས་པ་ཡིས།། རང་སེམས་དད་པ་སྐྱེད་པའི་ཕྱིར།།
115b6 གཞན་ལ་གུས་པ་མཆོག་ཏུ་བཀུར།། རྫོགས་སོ།། ། དེ་ནས་གཞན་ཡང་བཤད་བྱ་བ།། སྔགས་པས་རྟག་ཏུ་བསྟེན་པ་ནི།། རུ་སྦལ་འོ་མ་ཞེས་བྱ་བ།། དེ་བཞིན་འོད་ཀྱི་ལོ་མ་དང་།།
115b7 འཇིས་པ་སྐམ་པོ་ཉིད་དང་ནི།། དེ་བཞིན་མ་ཡི་ཁུ་བ་དང་།། སྒྲ་སྡང་གི་ནི་རྫས་དག་དང་།། འདི་རྣམས་ཅག་ཏུ་དཔྱད་ན་ནི།། རང་བཞིན་གྱིས་ནིནད་མེད་ཅིང་།། ཚེ་རིང་དབང་པོ་རྒྱས་པ་དང་། རྟག་ཏུ་ཡང་ཚད་དུལ




iiif viewer powered by OpenSeadragon

115a - 116a

Texts on this page

Ty061-005 - gtam rgyud kyi rtog pa