| | e-texts navigator
|
115a1 ཡིས་ང་གསང་པའི་ལས་ནི་རྒྱ་མཚོར་འདོད།། ལས་རྣམས་དེ་དག་རེ་རེ་ཡང་།། འཕགས་ཚོགས་མཆོད་སྦྱིན་དང་པོ་སྟེ།། ཉི་མ་གཉིས་པོ་གཏོར་མ་སྦྱིན།། གསུམ་པ་བཟླས
115a2 པ་རྣམ་པར་འབད།། བཞི་པ་སྦྱིན་སྲེག་ཚང་བར་བྱ།། ལྔ་པ་ལས་ཀྱི་འཁོར་ལོ་བསྐོར།། དྲུག་པ་བསམ་གཏན་རྩེ་གཅིག་བྱ།། བདུན་པ་ལས་ཀྱི་ལྷག་ཆད་བསྐང་།། གྲངས་ཀྱི་ལས་ལ་ཁྱད་པར་དུ།། ལས
115a3 ཀྱི་གཙོར་ནི་གང་སྒྲུབ་དེའི།། འཁོར་ལོ་བསྐོར་བ་ཉི་མ་བཞི།། ལས་ཀྱི་བྱེ་བྲག་འདི་ཤེས་ན།། ཞི་བས་འཇིགས་པ་བརྒྱད་ལས་སྐྱོབ།། རྒྱས་པ་ཡོན་ཏན་དྲུག་དང་འབྱོར།། དབང་གི་མོས་པ་རྣམ་པར
115a4 བསྒྱུར།། དབྱེ་བས་གསང་སྡེ་བརྒྱད་དང་འབྱེད།། མནན་པས་དབང་པོ་དྲུག་འཆིང་བྱེད།། གཞན་ཡང་ཇི་ལྟ་དེ་བཞིན་དུ།། སྔགས་དང་རྫས་ཀྱི་སྦྱོར་བ་ལ།། དཔྱད་ན་དངོས་གྲུབ་མི་འགྲུབ་སྟེ།། གལ་ཏེ་ཡིད།
115a5 གཉིས་ཟ་གྱུར་ཏམ།། བསམ་པ་འགྱུར་རམ་དད་པ་ཉམས།། དེ་ཚེ་དངོས་གྲུབ་ཉེ་བ་ཡང་།། ཕྱིར་བཟློག་འགྱུར་བར་གདོན་མི་ཟ།། དད་པ་བརྟན་པར་བསྒྲུབས་པས་ན།། ནམ་མཁའ་མེད་པར་གྱུར་ན
115a6 ཡང་ང་སྔགས་ཀྱི་དངོས་གྲུབ་མེད་མི་སྲིད།། ལྷ་དང་དྲང་སྲོང་གིས་བཤད་པའི།། རིག་སྔགས་བསླུ་བ་མི་སྲིད་ན།། འདོད་ཆགས་བྲལ་བས་བཤད་པ་ཡི།། གསང་སྔགས་སྦྱོར་བས་བསླུ་བ་ནི།། མ་བྱུང
115a7 འབྱུང་བར་མི་འགྱུར་རོ།། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི།། དོན་ལ་ཐེ་ཚོམ་མེད་པ་ཡི།། མཁས་པ་ལ་ནི་དངོས་གྲུབ་ཉེ།། རྟོག་ཅིང་དཔྱོད་པའི་རྟོག་གེ་བ།། དེ་ལ་གྲུབ་པའི་དངོས་གྲུབ་རིང་།། མནངས།
iiif viewer powered by OpenSeadragon
114b - 115b