| | e-texts navigator
|
114b1 ཞི་བར་སྐུལ་བའོ།། པུཥྚི་ཀུ་རུ་སཱ་ཧཱ། རྒྱས་པའི་འོ།། བ་ཤཾ་ཀུ་རུ་སྭཱ་ཧཱ། དབང་གིའོ།། མཱ་ར་ཡ་པར། གསད་པའིའོ།། ཨུཙྪ་ཊ་ཡ་སཱཧཱ། བསླང་པའི་འོ།། སྭ་བྷ་ཡ་ཧཱུཾ་ལ། མནན་པའི་འོ།། ཨཱ་ཀཪྵ་ཡ་ཧཱ
114b2 ཝ་དགུག་པའི་འོ།། ཨོཾ་མུ། སླར་དགྲོལ་བའི་སྔགས་སོ།། ཨཱ་ལི་ཀཱ་ལི་གྲོང་ཁྱེར་ནི།། གསང་སྔགས་འབྱུང་བའི་རྩ་བ་སྟེ།། ལས་ཀྱི་བཙོན་ར་དག་ཀྱང་ཡིན།། ཡི་གེ་བཏུ་བ་མེད་ན་ནི།། གསང་སྔགས
114b3 སྒྲ་ནི་ལོག་པར་འགྱུར།། ཡི་གེ་ཚང་བར་མ་བཀོད་ན།། གསང་སྔགས་སྒྲ་ནི་ལོག་པར་འགྱུར།། གསང་སྔགས་བརྡ་ཡིས་མ་བརྗོད་ན།། སྔགས་ནི་དངོས་གྲུབ་མེད་པར་འགྱུར།། དྲང་བ་དག་ནི་མ་བྱས་ན།
114b4 ཤིན་ཏུ་འཁོར་བར་མི་འགྱུར་རོ།། ཡི་གེ་བསྲེ་བ་མ་བྱས་ན།། བཅུ་དྲུག་ཁང་པ་དོན་མེད་འགྱུར།། བསྐོར་ཕྱོགས་ལོག་ན་དོན་མི་འགྲུབ།། རིག་སྔགས་ཉམས་དང་ལོག་པ་ནི།། ལྷ་མིན་གཡུལ་ལས་ཕམ་པ་དང་།
114b5 དབང་པོ་དགྲ་ཡིས་བསད་བཞིན་ནོ།། འཁོར་ལོ་སྤོ་བ་མ་བྱས་ན།། ཆོ་ག་དག་ནི་ཉམས་པར་འགྱུར།། རྒྱུ་ཡིན་པ་དང་སྦྱོར་བ་དང་།། དད་པ་བརྟན་པས་འགྲུབ་པར་འགྱུར།། དེ་བས་ནན་ཏན་བསྐྱེད་དེ་བྱ།། དཔལ
114b6 གཤིན་རྗེ་གཤེད་ཀྱི་འཁོར་ལོ་བྲི་བའི་ཆོ་གའོ།། རྫོགས་སོ།། ། དེ་ནས་གཞན་ཡང་བཤད་པ་ནི།། ལས་ཀྱི་འགྲོགས་ཀྱིས་བྱེད་པ་སྟེ།། ཞི་བའི་ལས་ནི་ཟླ་བ་ཡིན། རྒྱས་པ་དེ
114b7 བཞིན་མིག་ཏུ་བསྒྲགས།། དབྱེ་བ་ཡོན་ཏན་ཞེས་བྱ་སྟེ།། དབང་དུ་བྱ་བ་རིག་བྱེད་ཡིན།། དགུག་པའི་ལས་ལ་དེ་བཞིན་མདའ།། བསྐྲད་དང་མནན་པ་དབང་པོ་བཞིན།། མནན་པའི་རྗེས་སུ་འབྲངས་པ
iiif viewer powered by OpenSeadragon
114a - 115a