e-texts navigator
Collection
Volume
Page
Wylie

436b1 བར་འགྱུར།། ཟོང་ལ་གོང་བསྟན་སྔགས་བཟླས་ནས།། སྔོན་སྔགས་ཚོང་པ་རྣམས་བསྟན་ན།། རྣལ་འབྱོར་པ་ཡི་ཚེང་འགྲུབ་ཅིང་།། ཚོང་པ་རྣམས་ལ་ཁེ་ཆེར་རྙེད།། ཆང་གི་ས་བོན་བྱེད་པ་ལ།།
436b2 སྤྲེའུ་ཡི་མིག་གཙང་མ་བཅུག་ནས།། ཆང་སྣོད་བཅས་བརླག་པར་འགྱུར།། བགུ་ལས་འགྲུས་སྤྱད་དུ་རུང་།། བ་གུ་ལ་ཡི་ཆུས་བཀྲུས་ན།། བྱིས་པ་མ་མས་བླངས་ནས་ནི།། འབྱུང་པོ་སྒྲ་ཡིས
436b3 བདུག་བྱས་ནས།། ངུར་སྨྲིག་བསྐོན་པས་སོས་པར་འགྱུར།། བྱིས་པ་ནུ་ཞོ་འཐུངས་སྐྱུགས་ན།། རྨ་བྱའི་སྒོ་བསྲེགས་ཐལ་བ་ཡིས།། མགུལ་པ་བཅིང་བ་བྱས་ན་ནོ།། སྦྱོར་བ་མཆོག་གིས་སླར་སོས
436b4 འགྱུར།། ཡ་ད་ཀ་བ་ཀ་ནི་ཆོ་ག་དང་།། ལྡན་པའི་ཞ་ཉེ་བྱང་དུ་བསྐོ་བྱས་ནས།། ཁ་ཡི་ནང་དུ་བཅུག་ནས་འདུག་ན་ནི།། འཚང་དང་མཚོན་ཆ་མི་བྱམས་པ་ལས་ཐར།། ཀྵ་མ་ར་ཡ་ཡི་གེ་རྣམས་དང་ལྡན།།
436b5 ཡི་གེ་ཀུན་ཀྱང་ཨེ་ཡིས་བརྒྱན་པ་ལ།། ཡང་དག་ཀ་བ་ཀ་ཡི་མཐའ་མར་ནི།། སྒོ་ང་བཞི་དང་ཚད་གསུམ་གཉིས་གཉིས་སྦྱིན།། དན་ཏིལ་ཨུཏྤལ་ས་ར་པུ་ཀ་དང་།། ནི་ཚུལ་དང་འགི་རོ་ཀར་ནི་ཆུས།། ལན
436b6 བདུན་པར་དུ་བཀྲུས་པའི་ན་ཉི་ཡི།། བྱང་བུ་ལ་ནི་བློ་དང་ལྡན་པས་བྲི།། ཤིང་སྒྲོག་ལྤགས་སྒྲོག་ཁྲི་དང་གཡུལ་ངོ་རུ།། མཚན་ཆའི་ཆར་འབབ་པ་དང་གཞན་དག་ནི།། ཞེ་སྡང་བ་དག་ངེས་པར་འཇོམ
436b7 བྱེད་པར།། རྒྱུད་ཆེན་འདིས་ནི་འགྲུབ་པར་འགྱུར་བ་ཡིན།། གང་གིས་སྔགས་ཀྱི་རྒྱལ་པོ་བྲིས་ནས་ནི།། རིག་པ་བྱས་ནས་དཔུང་པ་ལ་བཏགས་ན།། དེ་ཡི་དབང་ཕྱུག་ནོར་སྦྱིན་པ་དང་མཉམ་པར་འགྱུར།།




iiif viewer powered by OpenSeadragon

436a - 437a

Texts on this page

Ty059-013 - 'phags pa sgrol ma ku ru ku lle'i rtog pa