| | e-texts navigator
|
42a1 གསང་བའི་འཁོར་ལོ་བཞི་ཡིན་ཏེ།། བདེ་སྐྱོང་འཁོར་ལོ་དྲང་པོ་སྟེ།། རྟ་མགྲིན་ལོངས་སྤྱོད་འཁོར་ལོ་ཡོན།། རིག་པའི་འཁོར་ལོ་གསུམ་དུའོ།། གསང་བའི་འཁོར་ལོ་བཞི་ཡིན་ནོ།།
42a2 ཉི་ཤུ་རྩ་བཞི་གྲངས་སུ་བསྟན།། རྩ་རྣམས་རང་བཞིན་ང་ཡིས་བཤད།། རྩ་ནི་ས་ཡི་རང་བཞིན་ཏེ།། རླུང་དང་ཐིག་ལེའི་རང་བཞིན་ནོ།། དེ་ནས་ཡི་གེ་དགོད་པ་ནི།། བདེ་ཆེན་འཁོར་ལོ་སུམ་ཅུ་གཉིས།། གསལ།
42a3 བྱེད་སུམ་ཅུ་རྩ་གཉིས་ནི།། གཡས་ནས་བསྐོར་ཏེ་དགོད་པར་བྱ།། ལོངས་སྤྱོད་འཁོར་ལོའི་རྩིབས་བཅུ་དྲུག། དབྱངས་ཡིག་བཅུ་དྲུག་གཡོན་ནས་དགོད།། ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད།། ཡུམ་བཞིའི
42a4 ས་བོན་གཡོན་ནས་བསྐོར།། ཐབས་ནི་མཚམས་ཏེ་གཡས་ནས་བསྐོར།། སྤྲུལ་པའི་འཁོར་ལོའི་འདབ་མ་ནི།། དྲུག་ཅུ་རྩ་བཞི་གང་ཡིན་ལ།། གསལ་བྱེད་གཡས་སྐོར་དགོད་པར་བྱ།། དབྱངས་ཡིག
42a5 གཉིས་ལྡན་གཡོན་ནས་བསྐོར།། བདེ་ཆེན་འཁོར་ལོལོ་ལྟེ་དབུས་སུ།། ཧཾ་ནི་དཀར་པོ་འབྲུར་བལྟས་བསམ།། ལོངས་སྤྱོད་འཁོར་ལོའི་ལྡེ་དབུས་སུ།། ཨོཾ་ནི་དཀར་པོ་གྱེན་བལྟས་བསམ།། ཆོས་ཀྱི
42a6 འཁོར་ལོའོ་ལྟེ་དབུས་སུ།། ནཱ་ནི་སྔོན་པོ་འབྲུར་བལྟས་བསམ།། སྤྲུལ་པའི་འཁོར་ལོའི་ལྟེ་དབུས་སུ།། ཨཱཿནི་དམར་པོ་གྱེན་བལྟས་བསམ།། རྐྱེན་ནི་འཁོར་ལོ་གཉིས་ཡིན་ཏེ།། དང་པོའི་གནས་ས
42a7 ཡི་གེ་ཡཾ།། གཏུམ་མོ་འབར་པོའི་ཡ་ཡིན་ཏེ།། ནག་པོ་ཡོངས་སུ་གྱུར་པ་ལས།། རླུང་འཁོར་མདོག་གནག་གཞུ་ཡི་དབྱིབས།། དབུས་སུ་དྷ་ལླ་དགོད་བྱས་ནས།། བ་དན་ལྔ་ནི་མཛེས་པའོ།།
iiif viewer powered by OpenSeadragon
41b - 42b