e-texts navigator
Collection
Volume
Page
Wylie

41b1 འཁོར་ལོ་ཇི་མར་ལགས་པ་དང་།། དེ་ཡི་གྲངས་ནི་དུ་ཞིག་མཆི།། རྩ་རྣམས་རང་བཞིན་ཇི་ལྟར་ལགས།། ཡི་གེ་དགོད་ཐབས་ཇི་ལྟར་ལགས།། དེ་རྣམས་དབུས་ཀྱི་སྡེ་བར་ནི།། ཡི་གེ་དགོད་པ་གང་དང་།
41b2 གང་།། གཏུམ་མོ་སྦར་བ་ཇི་ལྟར་ལགས།། ཟླ་བ་ཉི་མ་ཇི་ལྟར་ལགས།། གནས་ནི་གང་དུ་གཟུང་བར་བགྱི།། རྐྱེན་གཉིས་འཁོར་ལོ་ཇི་ལྟར་ལགས།། གོ་བཟློག་ཚུལ་ནི་ཇི་ལྟར་ལགས།། གསང་བའི
41b3 འཁོར་ལོ་བཞི་གང་ལགས།། དེ་རྣམས་ཀྱི་ནི་དགོངས་པ་དང་།། དེ་ལ་དགའ་སོགས་ཇི་ལྟར་འབྱུང་།། སྟོང་པ་བཅུ་དྲུག་ཇི་ལྟར་ལགས།། ས་ཡི་རིམ་པ་ཇི་ལྟར་ལགས།། དེ་རྣམས་ཀྱི་ནི་དགོངས་པ་དང་།།
41b4 དགོས་པའི་དགོངས་པ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཉོན་ཅིག་དཔའ་བོ་རྡོ་རྗེ་ཁྱོད།། ཁྱོད་ལ་བཤད་ཀྱིས་ལེགས་པར་ཟུང་།། རྩ་རྣམས་ཀྱི་ནི་རང་བཞིན་ནི།། ནམ་མཁའ
41b5 གཉིས་མེད་ཐམས་ཅད་སྐྱེད།། དེར་གནས་རླུང་གི་རང་བཞིན་ནི།། གཡོ་བ་རྣམ་ཤེས་གཡོ་བ་ཡིན།། ཐིག་ལེ་སྟོང་ཉིད་ངོ་བོ་སྟེ།། སྟོང་ཉིད་བསམ་དུ་མེད་པའོ།། ཐིག་ལེ་གྲངས་ན་བཅུ་དྲུག་སྟེ།
41b6 རྩ་དང་རླུང་ཡང་དེ་བཞིན་ནོ།། དེ་ནས་སེམས་གཟུང་བསྟན་པ་ནི།། རྩ་དང་རླུང་ནི་ཐིག་ལེ་ལ།། གཉིས་མེད་རྩེ་གཅིག་སེམས་དང་པོ།། འཁོར་ལོའི་གྲངས་ནི་བཞི་ཡིན་ཏེ།། བདེ་ཆེན་འཁོར་ལོ་ལོངས་སྤྱོད།
41b7 ཆོས། དེ་འོག་སྤྲུལ་པའི་འཁོར་ལོ་སྟེ།། དེ་རེ་ལ་ཡང་བཞི་བཞི་སྟེ།། བཅུ་དྲུག་གྲངས་སུ་ཤེས་པར་བྱ།། མེ་རླུང་གཉིས་ནི་རྐྱེན་ཡིན་ཏེ།། རོ་མའི་འཁོར་ལོ་ཉིད་དང་ནི།། སྤྱི་གཙུག་འཁོར་ལོ་དབང་སྲུར་གནསོ།།




iiif viewer powered by OpenSeadragon

41a - 42a

Texts on this page

Ty058-017 - dpal stobs chen ye shes rgyal po'i rgyud kyi rgyal po